ཁོང་ཀོ་ཅིན་གྱི་ཙུང་ཐུང་གིས“རྒྱལ་ཡོངས་མཐུན་སྒྲིལ་སྲིད་གཞུང་”འཛུགས་རྒྱུ་ཐག་བཅད།
2025.02.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ2པའི་ཚེས22ཉིན། ཁོང་ཀོ་ཅིན་གྱི་ཙུང་ཐུང་ཆིས་སའེ་ཁི་ཏིས་ཀྱི་མགྲིན་ཚབ་པ་སཱ་ཨར་མཱ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་བརྒྱུད་ནས་བཤད་རྒྱུར། ཆིས་སའེ་ཁི་ཏིས་ཀྱིས“རྒྱལ་ཡོངས་མཐུན་སྒྲིལ་སྲིད་གཞུང་”འཛུགས་རྒྱུ་ཚུད་པའི་བཅོས་སྒྱུར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱ་རྒྱུ་ཐག་བཅད་ཡོད་ཟེར།

ཆིས་སའེ་ཁི་ཏིས་ཀྱིས་ཉིན་དེར་རྒྱལ་ས་ཅིན་ཧྲ་སཱ་དང་དེའི་ཁོངས་གཏོགས་ཀྱི་ཆབ་སྲིད་མནའ་འབྲེལ་ཁོངས་མིའི་ཚོགས་འདུ་འཚོགས་ནས། ཁོང་ཀོ་ཅིན་ཤར་རྒྱུད་ཀྱི་བདེ་འཇགས་གནས་བབ་གཙོ་གནད་དུ་བཟུང་ནས་གྲོས་བསྡུར་བྱས། ས་གནས་དེ་གའི་སྨྱན་བྱད་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཆིས་སའེ་ཁི་ཏིས་ཀྱིས་ཚོགས་ཐོག་ནས་དམག་དཔུང་ལ“ཁྱོན་ཡོངས་ནས་བཅོས་སྒྱུར”བྱས་ཏེ། རྒྱལ་ཁབ་དེར་འཕྲད་པའི་བདེ་འཇགས་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་ཁྱབ་སྒྲོག་བྱས་ཡོད་ཟེར།

ཉེ་བའི་དུས་ཀྱི་ཚུན་ལ། ཁོང་ཀོ་ཅིན་ཤར་རྒྱུད་ཀྱི་གནས་བབ་ཇེ་སྡུག་ཏུ་ཕྱིན་པ་དང་། སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་རྩ་འཛུགས་ཀྱིས་པེ་ཅིས་ཝུའུ་ཧྲན་གྱི་ལྟེ་བའི་གྲོང་ཁྱེར་ཀི་མ་དང་ནན་ཅི་ཝུའུ་ཧྲན་གྱི་ལྟེ་བའི་གྲོང་ཁྱེར་པུའུ་ཁ་ཝུའུ་ཚུད་པའི་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་མང་པོ་ཞིག་ལ་ཚུར་རྒོལ་བྱས་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྱབ་ཁོངས་སྔར་ལས་ཆེ་བའི་ས་ཁུལ་གྱི་དམག་འཁྲུག་ལངས་ངེས་པར་སེམས་ཁྲལ་བྱེད་ཀྱིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།