ཨུ་རུ་སི་དང་ཨ་མེ་རི་ཁས་ཕྱོགས་གཉིས་ཀྱི་འབྲེལ་བའི་གནད་དོན་གཙོ་བོའི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད།
2025.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཐཱ་སི་གསར་འགྱུར་ཁང་གིས་ཚེས23ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་གནད་དོན་གཙོ་བོའི་ཐད་ནས་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་དང་མཉམ་དུ་འབྲེལ་འདྲིས་བྱེད་པར་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པ་དང་། ང་ཚོས་གཟའ་འཁོར་འདིའི་ནང་དོན་དངོས་གྲུབ་འབྲས་ལོན་པར་རེ་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཐེངས་འདིའི་གྲོས་མོལ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་སྡེ་ཁག་གི་འགན་ཁུར་བའི་རིམ་པ་ཡིན་ཟེར།

ཨུ་རུ་སིའི་གསར་འགྱུར་ཁང་གིས་ཚེས22ཉིན་བསྒྲགས་པ་ལྟར་ན། ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་མ་འོངས་པའི་གཟའ་འཁོར་གཉིས་ནང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བའི་གྲོས་མོལ་སྤེལ་རྒྱུའི་འཆར་གཞི་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།