ཙེ་ལིན་སི་ཅི་ཡིས་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའི་རེ་བ་འགྲུབ་ན་ཁོས་མྱུར་དུ་ལས་ཁུར་དགོངས་ཞུ་བྱེད་འདོད་ཡོད་པའི་ཚུལ་བསྟན།
2025.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་རྒྱལ་སྤྱིའི་གློག་འཕྲིན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས23ཉིན་བསྟན་དོན། གལག་ཏེ་ཝུའུ་ཁི་ལན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པའམ་ཞི་བདེ་མངོན་འགྱུར་བྱུང་ནས། ཝུའུ་ཁི་ལན་གྱི་མང་ཚོགས་ཀྱིས་ཁོ་ལས་གནས་དང་འབྲལ་དགོས་པའི་རེ་བ་བྱེད་ན། ཁོས་མྱུར་དུ་ལས་ཁུར་དགོངས་ཞུ་བྱེད་འདོད་ཡོད་ཟེར།

ཙེ་ལིན་སི་ཅི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་སོ་བདུན་གྱི་མགོ་ཁྲིད་པ་ཚེས24ཉིན་ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ནས་སྤེལ་རྒྱུ་ཡིན་པའི་ཝུའུ་ཁི་ལན་དང་ཡོ་རོབ་གླིང་བྱང་མ། པའོ་ལོ་ཏི་མཚོ་ཁོངས་ཀྱི་སྟེགས་བུའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་རྒྱལ་ཁབ་བཅུ་གསུམ་གྱི་མགོ་ཁྲིད་པ་ཡུལ་དངོས་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ལ། རྒྱལ་ཁབ་ཉེར་བཞིའི་མགོ་ཁྲིད་པ་དྲ་ཐོག་ནས་ཞུགས་རྒྱུ་རེད། ཁོས་སྐབས་ཐོག་དེར་ཡོ་རོབ་གླིང་གི་གྲོགས་པོས་གང་མགྱོགས་སྒོས་ཝུའུ་ཁི་ལན་གྱི་བདེ་འཇགས་འགན་སྲུང་གནད་དོན་ཐད་ནས་ཁེར་རྐྱང་དུ་གྲོས་ཚོགས་བསྡུ་རྒྱུའི་གྲོས་གཞི་འདོན་རྒྱུ་ཡིན་ཟེར།

ཙེ་ལིན་སི་ཅི་ཡིས་ད་རུང་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་ཧྭ་ཨར་ཙི་ཡིས་མགོ་ཁྲིད་པའི་འཐུས་ཚབ་ཚོགས་པ་དང་མཉམ་དུ་གཏེར་ཁའི་ཐོན་ཁུངས་གྲོས་མཐུན་གྱི་བཟོད་སྒོམ་བརྗེད་ཐོ་འགོད་པར་གྲོས་མོལ་བྱེད་བཞིན་ཡོད་པ་དང་། གྲོས་མཐུན་གསར་བའི་ཐོག་མའི་མ་ཡིག་དེའི་རིན་ཐང་མེ་སྒོར་ཁྲག་ཁྲིག་ལྔ་མིན་པ་དང་། འབྲེལ་ཡོད་ཀྱི་ནང་དོན་ད་རུང་གཏན་འཁེལ་བྱས་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།