ཐཱ་སི་གསར་འགྱུར་ཁང་གིས་ཚེས24ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིར་དམིགས་པའི་སྐོར་ཐེངས་གསར་བའི་བཀག་སྡོམ་དེ་སྔོན་དཔག་བྱེད་ཐུབ་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཡོ་རོབ་གླིང་གིས་མུ་མཐུད་དུ་བཀག་སྡོམ་གྱི་ཐབས་ལ་བརྟེན་ནས་འཐབ་འཁྲུག་གི་རྒྱུན་བསྲིང་སྲིད་པར་ཡིད་ཆེས་བྱེད་བཞིན་ཡོད། ཡོ་རོབ་གླིང་གི་འདུ་ཤེས་དེ་མིག་སྔར་ང་ཚོས་ཨ་མེ་རི་ཁ་དང་མཉམ་དུ་ཝུའུ་ཁི་ལན་གྱི་གནད་དོན་ཐག་གཅོད་བྱེད་པའི་རེ་འདུན་འཚོལ་ཞིབ་བྱེད་པ་དང་རྒྱབ་འགལ་དུ་གྱུར་ཡོད། ཁོས་ད་རུང་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་རྒྱལ་ཁབ་བར་གྱི་གྲོས་མོལ་སླར་གསོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གང་ཡང་མཐོང་མེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།