ཕའོ་ལན་དང་ལཱ་ཐའོ་ཝེ་ཡཱ་ཡིས་ཝུའུ་ཁི་ལན་གྱིས་སུ་དང་མཉམ་ལས་བྱས་ནས་གཏེར་ཁ་གསར་སྤེལ་བྱེད་པར་ཐག་གཅོད་དབང་ཆ་ཡོད་པའི་ཚུལ་བསྟན།
2025.02.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཕའོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཚེས25ཉིན་ཕའོ་ལན་གྱི་རྒྱལ་ས་ཧྭ་ཧྲ་ནས་འཚམས་འདྲིར་ཡོང་བའི་ལཱ་ཐའོ་ཝེ་ཡཱའི་ཙུང་ཐུང་ལིན་ཁི་ཝེ་ཆི་སི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། ཝུའུ་ཁི་ལན་གྱིས་སུ་དང་མཉམ་ལས་བྱས་ནས་རང་གི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པར་ཐག་གཅོད་དབང་ཆ་ཡོད་ཟེར།

ཏུའུ་ཏཱ་ཡིས་བཤད་རྒྱུར། ཝུའུ་ཁི་ལན་གྱིས་རང་འདོད་ལྟར་ཐག་གཅོད་བྱེད་དགོས་པ་དང་། གནད་དོན་ནི་སུས་ཝུའུ་ཁི་ལན་ལ་སྔར་ལས་ལྷག་པའི་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་ཐུབ་པར་རག་ལས་ཡོད་ཟེར། ཁོས་བསྟན་དོན། གལ་ཆེ་བ་ནི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་རྒྱུ་དེ་ཡིན་པས་ཝུའུ་ཁི་ལན་གྱི་བདག་དབང་དང་སྒེར་ཚུགས་ལ་འགན་སྲུང་བྱེད་དགོས་ཟེར།

ལིན་ཁི་ཝེ་ཆི་སི་ཡིས་བསྟན་དོན། འགྲན་རྩོད་ནི་སྐྱོན་མེད་ཡིན་པས། ཝུའུ་ཁི་ལན་གྱིས་རང་འདོད་ལྟར་སུ་དང་གྲོས་མཐུན་གང་རུང་འགོད་པར་ཐག་གཅོད་བྱས་ཆོག་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།