དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐཱ་མའོ་ཡིས་ཚེས25ཉིན་ཁྱབ་བསྒྲགས་བྱས་དོན། 2027ལོར་དབྱིན་ཇི་ཡིས་རྒྱལ་སྲུང་འགྲོ་སོང་དེ་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བསྡུར་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔར་མཐོར་འདེགས་བྱེད་རྒྱུ་ཡིན་ཟེར།
མིག་སྔར་དབྱིན་ཇིའི་རྒྱལ་སྲུང་གི་འགྲོ་སོང་གིས་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཉིས་དང་གྲངས་ཆུང་གསུམ་ཟིན་ཡོད། སི་ཐཱ་མའོ་ཡིས་ཉིན་དེར་གྲོས་ཁང་ཞོལ་མ་ནས་གསལ་སྒྲོག་སྤེལ་ཏེ། རྒྱལ་སྲུང་གི་འགྲོ་སོང་བསྡུར་ཚད་མཐོར་འདེགས་བཏང་ན2027ལོར་དབྱིན་ཇིའི་རྒྱལ་སྲུང་གི་འགྲོ་སོང་དབྱིན་ཇིའི་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གསུམ་དུང་ཕྱུར་བཞི་ཁ་སྣོན་བྱེད་དགོས་ཡོད་ཟེར།
སི་ཐཱ་མའོ་ཡིས་བཤད་རྒྱུར། རྒྱལ་སྲུང་འགྲོ་སོང་ཁ་སྣོན་བྱེད་ཆེད། དབྱིན་ཇིའི་སྲིད་གཞུང་གིས2027ལོར་འཕེལ་རྒྱས་རོགས་སྐྱོར་གྱི་འགྲོ་སོང་གི་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བསྡུར་ཚད་དེ་བརྒྱ་ཆའི་ཐིག་དང་གྲངས་ཆུང་ལྔ་ནས་བརྒྱ་ཆའི་ཐིག་དང་གྲངས་ཆུང་གསུམ་ལ་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ཟེར། ཡིན་ཡང་ཁོས་དབྱིན་ཇི་ཡིས་མུ་མཐུད་དུ་ཝུའུ་ཁི་ལན་དང་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་སོགས་ལ་མི་ཆོས་རིང་ལུགས་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།
སི་ཐཱ་མའོ་ཡིས་ད་རུང་བཤད་རྒྱུར། གལ་ཏེ་བཟོ་བའི་ཏང་གི་སྲིད་གཞུང2029ལོའི་དབྱིན་ཇིའི་འདེམ་བསྐོའི་ཆེན་མོའི་ཁྲོད་རྒྱལ་ན། དབྱིན་ཇིའི་རྒྱལ་སྲུང་འགྲོ་སོང་གི་རྒྱལ་ནང་སྤྱིའི་ཐོན་རིན་གྱི་བསྡུར་ཚད་བརྒྱ་ཆའི་གསུམ་ལ་ཇེ་མང་དུ་གཏོང་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།