ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས28ཉིན་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུའི་ཚུལ་བསྟན།
2025.02.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས26ཉིན་གྱི་དགོང་མོར་བརྙན་རིས་གཏམ་བཤད་སྤེལ་ཏེ། ཝུའུ་ཁི་ལན་དང་ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པས་ཚེས28ཉིན་གྲོས་མོལ་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། ཁོས་ཚེས28ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་གྲོས་མོལ་བྱེད་རྒྱུ་ཡིན་ཟེར།

ཙེ་ལིན་སི་ཅི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་རོགས་སྐྱོར་མཚམས་མི་འཇོག་པ་དེ་གལ་འགངས་ཧ་ཅང་ཆེ་བ་དང་། སྟོབས་ཤུགས་དེ་ཞི་བདེའི་ལམ་དུ་བསྐྱོད་སྐབས་མེད་དུ་མི་རུང་ཟེར།

ཝུའུ་ཁི་ལན་གྱི་རྒྱལ་སྤྱིའི་གློག་འཕྲིན་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་ནེ་ཀིའི་གྲོས་ཚོགས་སྟེང་སྨྱན་བྱད་ལ་ཁས་ལེན་བྱས་དོན། ཙེ་ལིན་སི་ཅི་ཡིས་ཚེས28ཉིན་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་ཨ་མེ་རི་ཁ་དང་ཝུའུ་ཁི་ལན་གྱི་གཏེར་ཁའི་གྲོས་མཐུན་འགོད་རྒྱུ་རེད་ཟེར།

ཉིན་དེའི་སྔ་དྲོར། ཙེ་ལིན་སི་ཅི་ཡིས་སྨྱན་བྱད་ལ་བཤད་རྒྱུར། ཝུའུ་ཁི་ལན་དང་ཨ་མེ་རི་ཁས་ཐོག་མར་ཝུའུ་ཁི་ལན་གྱི་གཏེར་ཁའི་ཐོན་ཁུངས་གསར་སྤེལ་བྱེད་པའི་སྒྲོམ་གཞིའི་གྲོས་མཐུན་འགོད་རྒྱུ་ཡིན་པ་དང་། དེའི་རྗེས་སུ་མཉམ་འབྲེལ་དངུལ་གཏོང་ཐེབས་རྩའི་གྲོས་མཐུན་འགོད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་ཐེབས་རྩ་དེ་ཐུན་མོང་དུ་བཀོལ་རྒྱུ་ཡིན་ཟེར། ཁོས་བསྟན་དོན། གྲོས་མོལ་བྱས་པ་བརྒྱུད། གཏེར་ཁའི་གྲོས་མཐུན་གསར་བའི་ནང་ཝུའུ་ཁི་ལན་གྱི་མ་འོངས་པའི་བདེ་འཇགས་འགན་སྲུང་གི་ནང་དོན་འདུ་བར་བྱས་ཡོད། ཕྱོགས་གཉིས་ཀྱིས་མཇུག་མཐར་གཏན་འཁེལ་བྱས་པའི་གཏེར་ཁའི་གྲོས་མཐུན་ལྟར་ན། ཝུའུ་ཁི་ལན་གྱིས་ཨ་མེ་རི་ཁས་རོགས་སྐྱོར་འདོན་སྤྲོད་བྱས་པའི་ཐད་ནས་དོམ་འཇལ་བའི་འགན་འཁྲི་ཁུར་མི་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།