ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཚེས26ཉིན་རྒྱལ་ས་ཐཱ་ཧྲི་ཀན་ནས་འཚམས་འདྲིར་ཡོང་བའི་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞཱ་པཱ་ཙི་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།
ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉེ་བའི་ལོ་འགའི་རིང་ཕྱོགས་གཉིས་ཀྱི་རིམ་པ་མང་བོའི་མཉམ་ལས་ཀྱི་འཕེལ་རྒྱས་རྣམ་པ་བཟང་བོར་ཡིད་ཚིམས་པའི་ཚུལ་བསྟན། 2024ལོར་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་དུང་ཕྱུར་བཞི་ལས་བརྒལ་བ་དང་། མཉམ་འབྲེལ་ཁེ་ལས་ཀྱི་ཁ་གྲངས་བརྒྱ་དང་སུམ་ཅུར་བསླེབས་ཡོད། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་ཀྱི་ལམ་ཐིག་འཆར་གཞི་དངོས་འབེབས་བྱེད་པ་དང་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་མེ་སྒོར་ཐེར་འབུམ་གཉིས་ལ་བསླེབས་པར་སྐུལ་འདེད་གཏོང་རྒྱུ་ནན་བཤད་བྱས།
མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་གདན་དྲངས་པ་ལྟར། ཞཱ་པཱ་ཙི་ཡིས་ཚེས25ཉིན་ནས་ཚེས26ཉིན་བར་ཝུའུ་ཙི་པེ་ཁི་སི་ཐན་དུ་འཚམས་འདྲི་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།