ཡོ་རོབ་གླིང་མནའ་འབྲེལ་གྱིས་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས་ཏེ་འགོག་སྲུང་དང་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།
2025.02.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། ཟླ3པའི་ཚེས6ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་བསྡུས་ཏེ། ཆེད་དུ་ཡོ་རོབ་གླིང་གི་འགོག་སྲུང་དང་ཝུའུ་ཁི་ལན་གྱི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁི་སི་ཐཱ་ཡིས་བསྟན་དོན། ཕྱོགས་སོ་སོས་དུས་ཡུན་ཐུང་ངུའི་ནང་ཆོད་དོན་སྤེལ་ནས་ཡོ་རོབ་གླིང་དེ་སྔར་ལས་རང་བདག་དང་སྔར་ལས་ནུས་ལྡན། སྒྲིག་ཆས་སྔར་ལས་བཟང་བ་ཞིག་ཏུ་འགྱུར་བར་བྱས་ནས། མིག་སྔར་དང་མ་འོངས་པའི་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་དགོས་ཟེར།

ཁི་སི་ཐཱ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་དེའི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་གི་བདེ་འཇགས་ཐད་ནས་འགན་འཁྲི་མང་བོ་ཁུར་དུ་ལེན་འདོད་ཡོད། ཡོ་རོབ་གླིང་གིས་ཝུའུ་ཁི་ལན་གྱི་ཡུན་རིང་གི་ཞི་བདེ་ལ་འགན་སྲུང་བྱེད་པར་བདེ་འཇགས་ཁག་ཁུར་འདོན་སྤྲོད་བྱེད་པའི་ཐད་བྱས་རྗེས་འཇོག་རྩིས་ཡོད་ཟེར།

ཁི་སི་ཐཱ་ཡིས་ད་རུང་བསྟན་དོན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་པུའུ་ལུའུ་སེར་དུ་སོང་ནས་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་གྲོས་བསྡུར་ལ་ཞུགས་རྒྱུ་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།