ཚེས1ཉིན།དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་ཁོངས་གཏོགས་ཀྱི་སྨྱན་བྱད་དེ་སའེ་ཕ་གསར་འགྱུར་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།གསར་བརྗེའི་སྲུང་དམག་ཁོངས་གཏོགས་གྱི“དབུལ་པོ་སྐུལ་སློང་རྩ་འཛུགས”དང་བླངས་དམག་གི་ཁོངས་མི་གཉིས་ཉིན་དེར་དབྱི་ལིང་གི་ཤར་ལྷོའི་ཞིས་སི་ཐན་-པེ་ལུའུ་ཀྲི་སི་ཐན་ཞིང་ཆེན་དུ་བྱུང་བའི་འཇབ་རྒོལ་དོན་རྐྱེན་ཞིག་གི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།
གནས་ཚུལ་སྤེལ་བ་ལྟར་ན།མི་དེ་གཉིས་ནི་ཞིས་སི་ཐན་-པེ་ལུའུ་ཀྲི་སི་ཐན་ཞིང་ཆེན་གྱི་ཕ་ཁི་སི་ཐན་མཐའ་མཚམས་དང་ཐག་ཉེ་བའི་ས་ཁུལ་དུ“འཇིགས་སྐུལ་པའི”འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བ་དང་།སྐབས་དེར་ཁོ་ཚོས་རླངས་འཁོར་བསྐོར་ཏེ་ལས་གནས་ནས་ཁྱིམ་དུ་ལོག་བཞིན་ཡོད་པ་རེད། གནས་ཚུལ་སྤེལ་བ་ལྟར་ན།འཇབ་རྒོལ་བྱེད་མཁན་གྱི་ཐོབ་ཐང་གསལ་བོར་བཤད་མེད།
ཞིས་སི་ཐན་-པེ་ལུའུ་ཀྲི་སི་ཐན་ཞིང་ཆེན་ནི་ཕ་ཁི་སི་ཐན་དང་འདབས་འབྲེལ་དུ་ཆགས་ཡོད་ཅིང་།དབྱི་ལིང་གི་བདེ་འཇགས་དམག་དཔུང་གིས་དུས་ཡུན་རིང་པོར་ས་གནས་དེའི་དྲག་ཆས་རྩ་འཛུགས་དང་དུག་འཚོང་ཚོགས་པར་རྡུང་རྡེག་གཏོང་བཞིན་ཡོད།2024ལོའི་ཟླ10བའི་ཚེས26ཉིན་དབྱི་ལིང་གི་མཐའ་མཚམས་སྐོར་ཞིབ་རུ་ཁག་ལ་ཞིང་ཆེན་དེ་རུ་དྲག་ཆས་པ་ཁག་ཅིག་གི་འཇབ་རྒོལ་ཐེབས་ནས་དམག་མི་དང་ཉེན་རྟོག་པ10རྐྱེན་ལམ་དུ་ཤོར་བ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།