དབུས་ཤར་གྱི་ཚོང་དོན་ལས་རིགས་མི་སྣས་མཁོ་སྤྲོད་སྦྲེལ་ཐག་འགྲེམས་ཚོགས་ཀྱིས་གོ་ལ་ཧྲིལ་བོའི་མཁོ་སྤྲོད་སྦྲེལ་ཐག་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་བར་བྱས་རྗེས་བཞག་ཡོད་ཟེར།
2025.03.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ལེ་པ་ནོན་གྱི་ཀྲུང་གོ་དང་ཨ་རབ་མཉམ་ལས་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཁ་ཞིས་མུའུ·ཐེ་ཧྥ་ལི་ཡིས་ཉིན་འགའི་སྔོན་དུ།ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་རུ་བསྟན་དོན།ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་སྐུལ་འདེད་འགྲེམས་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་བར་བྱས་རྗེས་བཞག་ནས།གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་ལ་ཐེབས་པའི་འགལ་རྐྱེན་ཇེ་ཆུང་དུ་གཏོང་བར་ཕན་ཐོགས་ཡོད་ཟེར།ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཉོ་ཚོང་དང་མ་འཇོག་གླེང་སྟེགས་དང་སྐབས་གསུམ་པའི་སྦྲེལ་ཐག་འགྲེམས་ཚོགས་ཀྱི་ངོ་སྤྲོད་ཚོགས་འདུ་དེ་ཉིན་འགའི་སྔོན་ཏི་པའེ་རུ་བསྡུས། ཐེ་ཧྥ་ལི་ཡིས་བྱ་འགུལ་སྐབས་སུ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།སྦྲེལ་ཐག་འགྲེམས་ཚོགས་ལ་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན། ཁོ་རང་སྔོན་ཆད་ཐེངས་གཉིས་ལ་སྦྲེལ་ཐག་དངོས་མང་འགྲེམས་ཚོགས་སུ་ཞུགས་པར་མ་ཟད། ད་ལོའི་ཟླ7པའི་སྦྲེལ་ཐག་དངོས་མང་འགྲེམས་ཚོགས་སྐབས་གསུམ་པར་ཞུགས་པར་རེ་སྒུག་བྱས་ཡོད།སྦྲེལ་ཐག་དངོས་མང་འགྲེམས་ཚོགས་གཉེར་བ་ལས་ཀྲུང་གོས་བརྟན་འཇགས་ཀྱི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་འཛུགས་པར་འབད་བརྩོན་བྱེད་བཞིན་པ་མཚོན་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་མཉམ་དུ།གོ་ལ་ཧྲིལ་པོར་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་དེ་ལས་མང་པོ་མཉམ་སྤྱོད་བྱ་རྒྱུ་རེད་ཟེར།

ད་ལྟའི་རྒྱལ་སྤྱིའི་ཚོང་དོན་གྱི་གནས་བབ་ཐད་ཐེ་ཧྥ་ལི་ཡིས་སྒོ་ཁྲལ་གྱི་བཀག་རྒྱ་སོགས་ཚོང་དོན་སྲུང་སྐྱོབ་རིང་ལུགས་ཀྱི་སྲིད་ཇུས་སྤྱད་ཚེ་མཐར་རང་ཉིད་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཐེབས་སྲིད། རྒྱལ་ཁབ་སོ་སོས་གྲོས་མོལ་བྱས་པ་བརྒྱུད་གཉིས་ཕན་གྲོས་མཐུན་བཞག་ནས་ཚོང་དོན་རྩོད་གཞི་ཐག་གཅོད་བྱས་ནས།གོ་ལ་ཧྲིལ་པོའི་རང་མོས་ཉོ་ཚོང་ལ་སྐུལ་འདེད་བཏང་སྟེ།དཔལ་འབྱོར་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས་པར་འདོད།

སྐབས་གསུམ་པའི་སྦྲེལ་ཐག་དངོས་མང་འགྲེམས་ཚོགས་དེ་ད་ལོའི་ཟླ7པའི་ཚེས16ཉིན་ནས་ཚེས20ཉིན་བར་པེ་ཅིང་དུ་བསྡུ་རྒྱུ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།