ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས2ཉིན་བཤད་རྒྱུར། ཧྥ་རན་སི་དང་དབྱིན་ཇི་ཡིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱིས་ཟླ་ངོ་གཅིག་ལ་འཁྲུག་རྩོད་མཚམས་འཇོག་དགོས་པའི་གྲོས་གཞི་བཏོན། ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་ཡིས་ཚེས2ཉིན་གྱི་དགོང་མོར་དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། རང་ཉིད་ཀྱིས་དོན་དེ་ཤེས་ཡོད་ཟེར།
མཱ་ཁི་ལུང་གིས་ཉིན་དེར་ཧྥ་རན་སིའི་ཧྥེ་ཅཱ་ལོ་ཚགས་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཧྥ་རན་སི་དང་དབྱིན་ཇི་ཡིས་མཉམ་འབྲེལ་སྒོས་དུས་ཡུན་ཟླ་ངོ་གཅིག་གི་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ཞིག་བཏོན་པ་དང་། གཙོ་བོ་བར་སྣང་དང་མཚོ་ཁོངས། ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་ཆས་བཅས་ལ་དམིགས་པ་ཡིན་ཡང་། ས་ངོས་ཁྱི་འཁྲུག་རྩོད་མཚམས་འཇོག་པ་དེའི་ནང་འདུས་མེད་ཟེར།
ཙེ་ལིན་སི་ཅི་ཡིས་ཉིན་དེའི་དགོང་མོར་དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཁོས་གནས་ཚུལ་ཡོད་ཚད་ཤེ་ཡོད་ཟེར་ཡང་། དེ་ལས་ལྷག་པའི་རྣམ་འགྱུར་གསལ་བོ་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།