ཨོ་སི་ཁྲུ་རི་ཡཱའི་སྲིད་གཞུང་གསར་བས་དམ་བཅའ་བཞག་སྟེ་ལས་འགན་ཁུར།
2025.03.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨོ་སི་ཁྲུ་རི་ཡཱའི་མི་དམངས་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་། ཨོ་སི་ཁྲུ་རི་ཡཱ་གསར་བའི་ཏང་བཅས་ཏང་ཁག་གསུམ་གྱིས་མཉམ་འབྲེལ་སྒོས་རྩ་འཛུགས་བྱས་པའི་ཨོ་སི་ཁྲུ་རི་ཡཱའི་སྐབས་གསར་བའི་སྲིད་གཞུང་གིས་ཚེས3ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་དང་། མི་དམངས་ཏང་གི་མགོ་གཙོ་ཧྲི་ཐའོ་ཁི་ཨར་ཨོ་སི་ཁྲུ་རི་ཡཱའི་ཙུང་ལི་གསར་བར་གྱུར་ཡོད།

ཨོ་སི་ཁྲུ་རི་ཡཱའི་ཙུང་ཐུང་ཧྥན་ཏི་པེ་ལོན་གྱིས་ཉིན་དེའི་སྔ་དྲོར་ཙུང་ཐུང་བཞུགས་ཤག་ནས་ནེ་ཀིའི་ཁོངས་མི་གསར་བ་ཚང་མར་བསྐོ་འཇོག་ཡི་གེ་བྱིན་པ་དང་། དེའི་རྗེས་སུ་ལྟ་སྐྱོང་སྲིད་གཞུང་གི་ཙུང་ལི་ཧྲ་ལོན་པེ་ཀི་ཡིས་ཙུང་ལིའི་བཞུགས་ཤག་ནས་ཧྲི་ཐའོ་ཁི་ཨར་དང་མཉམ་དུ་དབང་ཆ་བརྒྱུད་སྤྲོད་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས།

ནེ་ཀི་གསར་བར་བསྡོམས་པས་ཁོངས་མི21ཡོད་པ་དང་། དེའི་ནང་མི་དམངས་ཏང་གིས་ཙུང་ལི་དང་པུའུ་ཀྲང་ལྔ། རྒྱལ་སྲིད་དྲུང་ཡིག་གསུམ་གྱི་འདེམ་མི་མིང་འདོན་བྱས་ཡོཔ་དང་། སྤྱི་ཚོགས་དམངས་གཙོ་ཏང་གིས་ཙུང་ལི་གཞོན་པ་དང་བཅས་པའི་པུའུ་ཀྲང་དྲུག་དང་རྒྱལ་སྲིད་དྲུང་ཡིག་གསུམ་གྱི་འདེམ་མི་མིང་འདོན་བྱས་ཡོད་ལ། ཨོ་སི་ཁྲུ་རི་ཡཱ་གསར་བའི་ཏང་གིས་པུའུ་ཀྲང་གཉིས་དང་རྒྱལ་སྲིད་དྲུང་ཡིག་གཅིག་གི་འདེམ་མི་མིང་འདོན་བྱས་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།