ཨེ་ཅིབ་ཀྱིས་སྒེར་ཚུགས་ཀྱི་དོ་དམ་ཨུ་ཡོན་ལྷན་ང་བཙུགས་ནས་ཅཱ་ཧྲ་ས་ཁུལ་ལ་དོ་དམ་བྱེད་དུ་འཇུག་རྒྱུའི་གྲོས་གཞི་བཏོན།
2025.03.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་རབ་རྒྱལ་ཁབ་ཀྱི་བྲེལ་མྱུར་མཐོ་རིམ་གྲོས་ཚོགས་ཚེས4ཉིན་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་བ་ནས་བསྡུས། ཨེ་ཅིབ་ཀྱིས་ཚོགས་ཐོག་ནས་ཅཱ་ཧྲ་ས་ཁུལ་བསྐྱར་འཛུགས་བྱེད་པའི་ཕྱོགས་ཡོངས་ཀྱི་འཆར་གཞི་ཞིག་བཏོན་པ་དང་། དེའི་ནང་སྒེར་ཚུགས་ཀྱི་དོ་དམ་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས་ཟླ་ངོ་དྲུག་གི་བར་བརྒལ་དུས་ཡུན་ང་ཅཱ་ཧྲ་ས་ཁུལ་གྱི་ལས་དོན་ལ་དོ་དམ་བྱེད་པའི་འགན་ཁུར་དུ་འཇུག་པ་སོགས་འདུས།

ཨེ་ཅིབ་ཁེ་རོ་གསར་འགྱུར་བརྙན་འཕྲིན་ཁང་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། ཨུ་ཡོན་ལྷན་ཁང་དེ་ཏང་ཁག་གང་ལའང་མི་གཏོགས་པའི་ལག་རྩལ་དཔོན་པོས་གྲུབ་པ་དང་། ཕཱ་ལེ་སི་ཐན་སྲི་དགཞུང་གི་ལྟ་རྟོག་འོག་ལས་འགན་ལག་བསྟར་བྱེད་དགོས་ཟེར།

ཨེ་ཅིབ་ཀྱིས་བཏོན་པའི་བསྐྱར་འཛུགས་འཆར་གཞི་ལ་ད་རུང་ཅཱ་ཧྲ་ས་ཁུལ་གྱི་ཡུལ་འཁྱམས་བྱེད་པའི་སྡོད་དམངས་དག་ལ་གནས་སྐབས་ཀྱི་སྡོད་ཁང་འདོན་སྤྲོད་བྱེད་པའང་འདུས་ཡོད། འཆར་གཞི་དེ་དུས་རིམ་འགར་བགོས་ནས་ལག་བྶཏར་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་བསྐྱར་འཛུགས་གྲོན་དངུལ་མེ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གསུམ་ཡིན་ལ། དུས་སྐབས་སྔོན་མའི་ནང་མེ་སྒོར་ཐེར་འབུམ་གསུམ་བཏང་ནས་བྲེལ་མྱུར་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་ཐག་གཅོད་དང་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པའི་ཐད་བཀོལ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།