ཨུ་རུ་སི་དཀར་པོའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས4ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཨུ་རུ་སི་དཀར་པོའི་ཙུང་ཐུང་ལུའུ་ཁཱ་ཧྲིན་ཁི་ཡིས་བཅའ་ཁྲིམས་བཀོད་དེ། ཨུ་རུ་སི་དཀར་པོ་དང་ཨུ་རུ་སིའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་གི་བདེ་འཇགས་འགན་སྲུང་ཆིངས་ཡིག་ལ་ཆོག་མཆན་བཀོད།
བསྒྲགས་པ་ལྟར་ན། ཆིངས་ཡིག་དེ་ལས་ཨུ་རུ་སི་དཀར་པོ་དང་ཨུ་རུ་སི། ཡང་ན་ཨུ་རུ་སི་དཀར་པོ་དང་ཨུ་རུ་སིའི་མནའ་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་ཉེན་ཐེབས་པའི་སྐབས་སུ། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་ཁག་ཐེག་བྱེད་པར་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་པ་གཏན་འཁེལ་བྱས་ཡོད། ཆིངས་ཡིག་དེ་ལས་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཞན་པའི་ཕྱོགས་གཅིག་གི་དཔལ་འབྱོར་དང་གཞན་པའི་ཚད་བཀག་རང་བཞིན་གྱི་བྱེད་ཐབས་ལ་ཐུན་མོང་ངོ་རྒོལ་འགུལ་སྐྱོད་སྤེལ་བའི་འོས་འགན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཞན་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་འབྲེལ་བ་གཙོ་བོའི་སྦས་ཤུགས་བེད་སྤྱད་དེ་བདེ་འཇགས་ལ་གནོད་པ་ཐེབས་པར་སྔོན་འགོག་བྱེད་དགོས་པར་མ་ཟད། ལག་བསྟར་བྱས་པའི་བཙན་འཛུལ་བྱ་སྤྱོད་ཙམ་དུ་མ་ཟད་བཙན་འཛུལ་འཇིགས་ཉེན་གཞན་པར་ཐག་གཅོད་བྱེད་ཐབས་ལག་བསྟར་བྱས་ཏེ། དུས་ཐོག་ཏུ་དགོས་ངེས་ཀྱི་དམག་དོན་དང་དམག་དོན་ལག་རྩལ། གཞན་པའི་རོགས་སྐྱོར་བཅས་འདོན་སྤྲོད་བྱེད་དགོས་པ་གཏན་འཁེལ་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།