ཝུའུ་ཆི་ཆི་དང་ཕུའུ་ཅིན་གྱིས་ཁ་པར་གྲོས་མོལ་བྱས།
2025.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སེར་ཝེ་ཡཱའི་ཙུང་ཐུང་ཝུའུ་ཆི་ཆི་ཡིས་ཚེས7ཉིན་སྨྱན་བྱད་ལ་བཤད་རྒྱུར། ཁོས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱི་འབྲེལ་བ་དང་དཔལ་འབྱོར་མཉམ་ལས། ས་ཁུལ་གྱི་གནས་བབ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས་ཡོད་ཟེར།

ཝུའུ་ཆི་ཆི་ཡིས་བརྙན་རིས་གསལ་སྒྲོག་ནང་བསྟན་དོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར་མཉམ་ལས། ནུས་ཁུངས་མཉམ་ལས་བཅས་ལ་གྲོས་བསྡུར་བྱས་ཟེར། ཕྱོགས་གཉིས་ཀྱིས་ཟླ5བའི་ཚེས31ཉིན་གྱི་སྔོན་ལ་རང་བྱུང་སོལ་རླངས་མཁོ་འདོན་གྱི་གྲོས་མཐུན་འགོད་པ་དང་ཨུ་རུ་སིའི་རྡོ་སྣུམ་ཀུང་ཟིས་ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ལ་ཁ་གཏད་འཇལ་བ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཡོད་ཟེར།

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཁ་པར་གཏོང་སྐབས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་སེར་ཝེ་ཡཱའི་ནང་སྲིད་ལ་ཐེ་གཏོགས་བྱས་པར་རྒོལ་གཏམ་བཏང་བ་དང་། ཝུའུ་ཆི་ཆི་ཡིས་དོན་དེའི་ཐད་ནས་བཀའ་དྲིན་ཞུས།


བསོད་ནམས་ཚེ་རིང་གིས་བསྒྱུར།