ཧང་ག་རི་ཡིས་ངོ་རྒོལ་བྱས་པས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གྱི་རོགས་སྐྱོར་ཐད་ནས་གྲོས་མཐུན་འགོད་ཐུབ་པར་ངོ་རྒོལ་བྱས་མེད།
2025.03.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས7ཉིན་ས་དེའི་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧང་ག་རི་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་སྟེང་སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཁི་ལན་ལ་དམག་དོན་རོགས་ཀྱོར་འདོན་སྤྲོད་བྱེད་པར་ངོ་རྒོལ་བྱེད་པའི་རྒྱལ་ཁབ་གཅིག་པུ་རེད་ཟེར།

ཨིག་ཨར་པན་གྱིས་བསྐྱར་སྒྲོག་བྱས་དོན། ཧང་ག་རི་ཡིས་མུ་མཐུད་དུ་ཞི་བའི་གྲོས་མོལ་ལ་སྐུལ་འདེད་གཏོང་བ་ལས་འཐབ་འཁྲུག་ལ་མ་དངུལ་འདོན་སྤྲོད་བྱེད་མི་སྲིད། ཁོངས་གཏོགས་རྒྱལ་ཁབ་གཞན་པ་ཉེར་དྲུག་གི་ལངས་ཕྱོགས་ལ་ལུགས་མཐུན་གྱི་རྨང་གཞི་མེད་ཟེར།

ཁོས་བཤད་རྒྱུར། མུ་མཐུད་དུ་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པ་དང་ཝུའུ་ཁི་ལན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པ་ལས་ནོར་སྲིད་ཀྱི་ཁུར་བོ་ཆེན་པོ་འབྱུང་སྲིད་པ་དང་། ཧང་ག་རི་དང་བཅས་པའི་ཡོ་རོབ་གླིང་གི་དཔལ་འབྱོར་གྱི་ཐེག་ནུས་ལས་བརྒལ་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་ཚེས6ཉིན་པུ་ལི་ཧྲིའི་པུའུ་ལུའུ་སེར་ནས་བསྡུས། ཧང་ག་རི་ཡིས་ངོ་རྒོལ་བྱས་པས། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་ཉེར་བདུན་གྱི་མགོ་ཁྲིད་པས་ཝུའུ་ཁི་ལན་ལ་རོགས་སྐྱོར་བྱེད་པའི་གནད་དོན་ཐད་ནས་གྲོས་མཐུན་འགོད་ཐུབ་མེད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཁཱ་ལཱ་སི་ཡིས་ཚོགས་འདུ་གྲོལ་རྗེས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཝུའུ་ཁི་ལན་གནད་དོན་ཐད་ནས་ཁོངས་གཏོགས་རྒྱལ་ཁབ་ཉེར་བདུན་གྱིས་མཐུན་སྒྲིལ་བྱེད་དགོས་པའི་རེ་བ་བཏོན།


བསོད་ནམས་ཚེ་རིང་གིས་བསྒྱུར།