དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཚེས8ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཚེས10ཉིན་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་རུ་འཐུས་ཚབ་ཚོགས་པ་མངག་ནས། ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་དུས་རིམ་གཉིས་པའི་གྲོས་མོལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།
དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་ཉིན་དེར་དབྱི་སི་རལ་གྱི་དཔོན་པོ་ཞིག་གི་སྐད་ཆ་དྲངས་ནས་བཤད་རྒྱུར། མིག་སྔར་གྲོས་མོལ་དེར་དམིགས་བསལ་གྱི་གྲུབ་འབྲས་ཐོབ་མེད་ཟེར།
དབྱི་སི་རལ་གྱི་རྒྱལ་ཁོངས་ཚགས་པར་གྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས8ཉིན་དབྱི་སི་རལ་གྱི་བཀག་འཇུག་ཐེབས་པའི་མི་སྣའི་བདེ་འཇགས་གནས་ཚུལ་ལ་དཔྱད་འཇོག་བྱས་ཏེ། ཉིན་གཉིས་པར་དབྱི་སི་རལ་གྱི་བདེ་འཇགས་ནེ་ཀིའི་གྲོས་ཚོགས་བསྡུ་བར་གྲ་སྒྲིག་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།