ཀ་ནཱའི་ཙུང་ཐུང་གིས་སཱ་ཧི་ལེ་རྒྱལ་ཁབ་མཉམ་འབྲེལ་དང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་བར་གྱི་ཡིད་ཆེས་སླར་གསོ་བྱེད་པར་བརྩོན་རྒྱུའི་ཚུལ་བསྟན།
2025.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀ་ནཱའི་ཙུང་ཐུང་མཱ་ཧཱ་མཱ་ཡིས་ཚེས8ཉིན་མཱ་ལིའི་རྒྱལ་ས་པཱ་མཱ་ཁི་རུ་འཚམས་འདྲི་བྱེད་སྐབས་བསྟན་དོན། ཁོས་སཱ་ཧི་ལེ་རྒྱལ་ཁབ་མཉམ་འབྲེལ་དང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་བར་གྱི་ཡིད་ཆེས་སླར་གསོ་བྱེད་པར་འབད་འབུངས་བྱེད་རྒྱུ་ཡིན་ཟེར།

ཉིན་དེར་མཱ་ལིའི་ཙུང་ཐུང་བཞུགས་ཤག་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་སཱ་ཧི་ལེ་རྒྱལ་ཁབ་མཉམ་འབྲེལ་དང་ཨ་ཧྥེ་རི་ཁ་ནུབ་མའི་རྒྱལ་ཁབ་དཔལ་འབྱོར་ཐུན་མོང་ཚོགས་པའི་བར་མུ་མཐུད་དུ་རྩོད་གླེང་བྱེད་པར་དམིགས་ནས། མཱ་ཧཱ་མཱ་ཡིས་རྩ་འཛུགས་དེ་གཉིས་བར་གྱི་ཡིད་ཆེས་མེད་པར་གྱུར་བ་ཁས་ལེན་བྱས་པ་དང་། ནུས་པ་གང་ཡོད་བཏོན་ནས་ཡིད་ཆེས་དེ་རིགས་སླར་གསོ་བྱེད་རྒྱུ་ཁས་ལེན་བྱས།

མཱ་ཧཱ་མཱ་ཡིས་བསྟན་དོན། ཁོས་ཐེངས་འདིར་འཚམས་འདྲི་བྱེད་པའི་དམིགས་ཡུལ་ནི་ཀ་ནཱ་དང་མཱ་ལིའི་མཛའ་མཐུན་འབྲེལ་བ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཆེད་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་དང་བདེ་འཇགས་གནད་དོན། ཁྱད་པར་དུ་འཇིགས་སྐུལ་ངོ་རྒོལ་གྱི་འཐབ་རྩོད། དེ་མིན་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་མཉམ་ལས་ཨུ་ཡོན་ལྷན་ཁང་ཡང་བསྐྱར་འཛུགས་པ་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།