འཇར་མན་གྱི་མནའ་འབྲེལ་ཏང་དང་སྤྱི་ཚོགད་དམངས་གཙོ་ཏང་གིས་མཉམ་འབྲེལ་སྲིད་གཞུང་འཛུགས་པའི་ཐད་ནས་ཐོག་མའི་གྲོས་མཐུན་བཀོད།
2025.03.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མནའ་འབྲེལ་ཏང་གི་ཙུང་ལིའི་འདེམ་སྒུག་པ་མའོ་ཚི་ཡིས་ཉིན་དེར་སྤྱི་ཚོགས་དམངས་གཙོ་ཏང་གི་མགོ་ཁྲིད་པ་གསར་བ་ཁི་ལིན་པེད་ཨར་དང་འཚོལ་ཞིབ་རང་བཞིན་གྱིས་གྲོས་མོལ་བྱས་པ་དང་། དེའི་རྗེས་སུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། མའོ་ཚི་ཡིས་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ངོ་བོ་རང་བཞིན་ལྡན་པའི་གནད་དོན་རབ་དང་རིམ་པའི་ཐད་ནས་གྲོས་མཐུན་བཀོད་པ་དང་། མཉམ་འབྲེལ་སྲིད་གཞུང་འཛུགས་པའི་དངོས་གཞིའི་གྲོས་མོལ་དེ་གཟའ་འཁོར་རྗེས་མར་མགོ་རྩོམ་ཐུབ་ངེས་རེད་ཟེར།

ཕྱོགས་གཉིས་ཀྱིས་མཉམ་དུ་སྤེལ་བའི་འཚོལ་ཞིབ་རང་བཞིན་གྱི་གྲོས་མོལ་མཇུག་འབྲས་གླེང་བའི་ཡིག་ཆ་ཞིག་ལས་བཤད་རྒྱུར། མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་ཙོ་ཏང་གིས་མཉམ་འབྲེལ་སྲིད་གཞུང་རྩ་འཛུགས་བྱེད་པའི་ཐོག་མའི་ཆོད་དོན་ཁྱབ་བསྒྲགས་བྱས་ཏེ་བྱེ་བྲག་གི་འདོད་བློ་རེ་འགའ་བཏོན་ཡོད། དཔེ་བཞག་ན་དཔལ་འབྱོར་གྱི་མི་མངོན་པའི་འཕར་ཚད་དམིགས་འབེན་བརྒྱ་ཆའི་གཅིག་དང་ཆེས་བཟང་ན་བརྒྱ་ཆའི་གཉིས་ཡིན་པ་དང་། གློག་རིན་ཇེ་དམའ་རུ་གཏོང་བ་དང་གློག་སྒུལ་རླངས་འཁོར་ཉོ་བར་ཁ་གསབ་སྟེར་བ་སོགས་ལྟ་བུ་རེད།

ཡིག་ཆ་ལས་མངོན་པ་ལྟར་ན། ཕྱོགས་གཉིས་ཀྱིས་བལྟས་ན། བདེ་འཇགས་མ་འོངས་པ་དང་དཔལ་འབྱོར་སྟོབས་ཤུགས། སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་བཅས་ཀྱི་ཆེད་དུ་འཇར་མན་ལ་གཏན་འཇགས་དང་མགོ་རྩོམ་ས་གསར་བ་དགོས་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།