ཕུའུ་ཅིན་གྱིས་ཁུའུ་ཨར་སི་ཁི་མངའ་སྡེའི་ཝུའུ་ཁི་ལན་གྱི་དམག་དཔུང་གིས་མགོ་སྒུར་ན་ཚེ་སྲོག་ལ་ཉེན་ཁ་འབྱུང་མི་སྲིད་པའི་ཚུལ་བསྟན།
2025.03.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས14ཉིན་དགོང་མོརཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཤད་རྒྱུར། ཁུའུ་ཨར་སི་ཁི་མངའ་སྡེ་རུ་ཡོད་པའི་ཝུའུ་ཁི་ལན་གྱི་དམག་དཔུང་གིས་གལ་ཏེ་མགོ་སྒུར་ན། ཨུ་རུ་སིའི་ཕྱོགས་ཀྱིས་དེའི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་ངེས་ཡིན་ཟེར།

ཕུའུ་ཅིན་གྱིས་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་གྲོས་ཚོགས་ཀྱི་ཁོངས་མིས་བསྡུས་པའི་བརྙན་རིས་གྲོས་ཚོགས་སྐབས་སུ་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དམག་མི་དེ་དག་ལ་མི་ཆོས་རིང་ལུགས་ཀྱི་བསམ་བློ་གཏོང་དགོས་པའི་འབོད་སྐུལ་བཏང་བའི་ལངས་ཕྱོགས་དེར་རྒྱུས་ལོན་བྱེད་ཐུབ་པས། ཨུ་རུ་སིའི་ཕྱོགས་ཀྱིས་གལ་ཏེ་ཁོ་ཚོས་མགོ་སྒུར་ན། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞི་དང་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་གཞིར་བཟུང་ནས་ཁོ་ཚོའི་ཚེ་སྲོག་ལ་འཇིགས་ཉེན་མི་འབྱུང་བར་ཁག་ཐེག་བྱེད་རྒྱུ་ནན་བཤད་བྱས་ཡོད། ཝུའུ་ཁི་ལན་དམག་དཔུང་གི་མཐོ་རིམ་གྱིས་ཁུའུ་ཨར་སི་ཁི་མངའ་སྡེ་རུ་འཐབ་འཁྲུག་བྱེད་པའི་དམག་མིས་མཚོན་ཆ་བསྐྱུར་དགོས་པའི་བཀའ་གཏོང་དགོས་ཟེར།

ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་གླེང་སྐབས་ཕུའུ་ཅིན་གྱིས་བསྟན་དོན། ཐི་ལིང་ཕུའུ་སྲིད་གཞུང་གིས་ཧུར་ཐག་སྒོས་སྐབས་སྔོན་མའི་སྲིད་གཞུང་གིས་གཏོར་བརླག་བཏང་བའི་ཕྱོགས་གཉིས་ཀྱི་འབྲེལ་བ་སླར་གསོ་བྱེད་པར་བརྩོན་བཞིན་ཡོད་པ་དང་། བརྒྱུད་རིམ་དེ་ལས་སླ་མོ་ཞིག་མིན། མིག་སྔར་ཕྱོགས་གཉིས་ཀྱིས་རིམ་པ་སོ་སོར་འབྲེལ་འདྲིས་བྱས་ཏེ་སྤྱིའི་གནས་ཚུལ་བསྒྱུར་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།