ཚེས14ཉིན།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གསལ་སྒྲོག་སྤེལ་ཏེ། ཉེ་སྔོན་ཕཱ་ཁི་སི་ཐན་གྱི་པུས་ལུའུ་ཀྲི་ཞིང་ཆེན་ནས་བྱུང་བའི་འགྲུལ་སྐྱེལ་མེ་འཁོར་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་རྒོལ་གཏམ་བཏང་བ་དང་། རྒྱལ་ཁབ་སོ་སོས་བྱེད་ཐབས་གང་རུང་སྤྱད་དེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།
གསལ་སྒྲོག་ལས་བསྐྱར་སྒྲོག་བྱས་དོན། རྣམ་པ་དང་སྣང་ཚུལ་གང་རུང་གི་འཇིགས་སྐུལ་རིང་ལུགས་ཀྱིས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་ཉེན་ཆེན་པོ་བཟོ་བཞིན་ཡོད་པས། ངེས་པར་དུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ལག་བསྟར་མཁན་དང་རྩ་འཛུགས་མཁན། རོགས་སྐྱོར་མཁན། རྒྱབ་སྐྱོར་མཁན་བཅས་ཀྱི་འགན་འཁྲི་རྩད་གཅོད་བྱས་ནས་དེ་ཁྲིམས་ལ་སྦྱོར་དགོས་པ་ནན་བཤད་བྱས་པར་མ་ཟད། རྒྱལ་ཁབ་སོ་སོས་བྱེད་ཐབས་གང་རུང་སྤྱོད་དེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།