ཚེས15ཉིན།ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་དམག་དཔུང་ལས་ཕྱིར་བུད་པའི་དམག་དོན་ཁའེ་ལོ་ཀི་ཝུའུ་ཁི་ལན་ལས་དོན་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཕྱོགས་ཀྱིས་ངོ་རྒོལ་བྱས་པའི་དབང་གིས་སྔོན་ཆད་ཐི་ལིང་ཕུའུ་ཡིས་ཝུའུ་ཁི་ལན་དང་ཨུ་རུ་སིའི་གནད་དོན་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས་པའི་ཁའེ་ལོ་ཀི་ཝུའུ་ཁི་ལན་ལས་དོན་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས་པ་རེད་ཟེར།
ཐི་ལིང་ཕུའུ་ཡིས་དྲ་ཚིགས་བརྒྱུད་དེ་རྩོམ་ཡིག་སྤེལ་ནས་ཁའེ་ལོ་ཀི་ནི་གུས་པར་འོས་པའི་དམག་དོན་ཆེད་མཁས་པ་ཡིན་པ་དང་། ཐད་ཀར་དུ་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་དང་ཝུའུ་ཁི་ལན་གྱི་མགོ་ཁྲིད་པ་གཞན་པར་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར། ཐི་ལིང་ཕུའུ་ཡིས་བསྟན་དོན། ཁའེ་ལོ་ཀི་ཁོ་ཚོར་རྒྱུས་ལོན་ཆེན་པོ་ཡོད་པ་དང་། ཁོ་ཚོའི་བར་བྱ་བའི་འབྲེལ་བ་བཟང་བོ་ཡོད་ཟེར།
ད་ལོར་དགུང་ལོ80ཡིན་པའི་ཁའེ་ལོ་ཀི་ཡིས་ཐི་ལིང་ཕུའུ་ཡིས་ཐོག་དང་པོར་ཨ་མེ་རི་ཁའི་ཙུང་ཐུང་གི་འགན་ཁུར་སྐབས་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་སོགས་ཀྱི་འགན་ཁུར་མྱོང་།
བསོད་ནམས་ཚེ་རིང་གིས་བསྒྱུར།