མཱ་ཆི་ཏོན་བྱང་མའི་སྨྱན་བྱད་ཀྱིས་ཚེས16ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་ཉེན་རྟོག་ཕྱོགས་ཀྱིས་མཚན་མོའི་སྤྲོ་སྐྱིད་ཁང་གི་མེ་སྐྱོན་ལ་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་བཞི་ལ་འཛིན་བཟུང་བཀའ་རྒྱ་བཏང་ཡོད་པ་དང་། མིག་སྔའི་བར་དུ་མེ་སྐྱོན་དེ་ལས་ཉུང་མཐར་ཡང་མི59རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར།
མཱ་ཆི་ཏོན་བྱང་མའི་ནང་སྲིད་པུའུ་ཡིས་བསྒྲགས་པ་ལྟར་ན། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། མེ་སྐྱོན་དེ་ནི་ཤོག་སྦགས་གད་ནས་མཚན་མོའི་སྤྲོ་སྐྱིད་ཁང་གི་གནམ་གཅལ་མེར་འབར་བ་ལས་བྱུང་བ་རེད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།