ཐུར་ཁེའི་ཉེན་རྟོག་ཕྱོགས་ཀྱིས་ཚེས19ཉིན་རུལ་སུངས་ལ་འབྲེལ་བ་ཡོད་པ་དང་འཇིགས་སྐུལ་རྩ་འཛུགས་ལ་རོགས་སྐྱོར་བྱས་པ་རྒྱུ་མཚན་དུ་བྱས་ཏེ། དབྱི་སི་ཐན་པོར་གྲོང་ཁྱེར་གྱི་ཧྲི་ཀྲང་དབྱེ་མཱ་མུའུ་ཨོ་ལུའུ་བཀག་བསྐྱིལ་བྱས།
དབྱེ་མཱ་མུའུ་ཨོ་ལུའུ་ད་ལོར་ལོ54ཡིན་པ་དང་། ཐུར་ཁེའི་ཆེས་ཆེ་བའི་ངོ་རྒོལ་ཏང་ཁག་སྤྱི་མཐུན་མི་དམངས་ཏང་གི་ཁོངས་སུ་གཏོགས་ཡོད་ལ། ཏང་ནང་ཁུལ་དུ་ཤུགས་རྐྱེན་ངེས་ཅན་ལྡན། བསྒྲགས་པ་ལྟར་ན། སྤྱི་མཐུན་མི་དམངས་ཏང་གིས་གཟའ་འཁོར་འདིའི་གཟའ་མཇུག་ལ་ཁོ་ནི2028ལོའི་ཐུར་ཁེའི་ཙུང་ཐུང་འདེམ་བསྐོའི་འདེམ་སྒུག་པར་ཁྱབ་སྒྲོག་བྱེད་པར་གཏན་འཁེལ་བྱས་ཡོད་པ་རེད།
དབྱེ་མཱ་མུའུ་ཨོ་ལུའུ་ནི་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱི་འགྲན་རྩོད་པ་གཙོ་བོར་རློམ་ཡོད།
དབྱི་སི་ཐན་པོར་སློབ་ཆེན་གྱིས་ཚེས18ཉིན་ཁྱབ་བསྒྲགས་བྱས་དོན། མངོན་གསལ་གྱི་ནོར་འཆུག་དབང་གིས་དབྱེ་མཱ་མུའུ་ཨོ་ལུའུ་ཡི་བསླབ་གནས་རྩིས་མེད་དུ་བཏང་ཡོད་ཟེར། ཐུར་ཁེའི་འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། དེ་ལས་དབྱེ་མཱ་མུའུ་ཨོ་ལུའུ་སྐབས་རྗེས་མའི་ཙུང་ཐུང་འདེམ་བསྐོར་ཞུགས་པའི་ཐོབ་ཐང་མེད་པ་མཚོན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།