ཡོ་རོབ་གླིང་མནའ་འབྲེལ་དང་སི་རི་ཡཱའི་སྲིད་དབང་གསར་བས་ཚེས18ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་འདུས་པའི་འཇིགས་སྐུལ་རིང་ལུགས་སི་རི་ཡཱ་ནས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་བློ་བརྟན་འགྱུར་མེད་ཀྱིས་སི་རི་ཡཱའི་གཅིག་གྱུར་དང་བདག་དབང་། མངའ་ཁོངས་ཆ་ཚང་བ་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད། དཀྱེལ་ཡངས་རང་བཞིན་གྱི་རྒྱལ་ཁབ་ལས་ཁུངས་ལ་སི་རི་ཡཱའི་མ་འོངས་པའི་འཕེལ་རྒྱས་ཁྲོད་གནད་འགག་གི་ནུས་པ་ལྡན་པའི་ཚུལ་བསྟན།
ཡོ་རོབ་གླིང་མནའ་འབྲེལ་གྱིས་སྐབས་དགུ་བའི་སི་རི་ཡཱའི་གནད་དོན་གྱི་གྲོས་ཚོགས་ནས་ཚེས17ཉིན་པུའུ་ལུའུ་སེར་ནས་བསྡུས་པ་དང་། སི་རི་ཡཱའི་ཕྱི་འབྲེལ་སྡེ་ཁག་གི་འགན་ཁུར་བ་ཞི་པཱ་ནེ་གྲོས་ཚོགས་ལ་ཞུགས། ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱིས་སི་རི་ཡཱ་རུ་ཡོ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་ལྔའི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་པར་མ་ཟད། བཀག་སྡོམ་བྱེད་ཐབས་སྐོར་ཞིག་མཚམས་བཞག་སྟེ། སི་རི་ཡཱའི་བསྐྱར་འཛུགས་དང་ཆབ་སྲིད་བར་བརྒལ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།