དབྱི་སི་རལ་གྱི་དམག་དཔུང་གིས་ཧ་མ་སིའི་མཐོ་རིམ་དཔོན་རིགས་ཤིག་བསད་ཟེར།
2025.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས21ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དང་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ(ཤིན་པེ་ཐེ)ཡིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས། དབྱི་སི་རལ་གྱི་དམག་གིས་ཚེས20ཉིན་དམག་དོན་བྱ་སྤྱོད་སྤེལ་བའི་རིང་དུ་ཅ་ཧྲ་ས་ཁུལ་ལྷོ་རྒྱུད་དུ་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི)གྱི་དམག་དོན་གསང་འཕྲིན་འགན་འཁུར་བ་ཝུའུ་ས་མ·ཐ་པ་ཧྲི་བསད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར།  ཧ་མ་སི་ཡི་མཐོ་རིམ་ཁོངས་མི་ཡིན་པའི་ཐ་པ་ཧྲི་2023ལོའི་ཟླ10བའི་ཚེས7ཉིན་ཧ་མ་སི་ཡིས་དབྱི་སི་རལ་ལ་གློ་བུར་དུ་འཇབ་རྒོལ་བྱེད་པ་སོགས་ཀྱི་བྱ་སྤྱོད་མང་པོ་ཞིག་ལ་ཇུས་འགོད་བྱས་པར་མ་ཟད་དེའི་ཁྲོད་ཞུགས་མྱོང་ཡོད་ཅེས་འཁོད་ཡོད་པ་རེད། ཁོས་མགོ་ཁྲིད་བྱས་པའི་མྱུལ་ཞིབ་དང་རྡུང་རྡེག་ཚན་ཆུང་གིས་གཙོ་བོ་ཧ་མ་སིའི་དམག་དོན་ཕྱོགས་ཁག་ལ་དབྱི་སི་རལ་ལ་དམིགས་པའི་འཇབ་རྒོལ་དམིགས་ཚད་བཟོ་བ་དང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་གི་བྱ་སྤྱོད་ལ་ལྟ་ཞིབ་བྱེད་པར་མ་ཟད།དབྱི་སི་རལ་གྱི་དམག་དཔུང་ལ་འཇབ་རྒོལ་བྱེད་པའི་བཀོད་འདོམས་ཀྱང་བྱེད་ཀྱི་ཡོད་པ་རེད།

གསལ་བསྒྲགས་ལས་ད་དུང་བཤད་རྒྱུར། ཐ་པ་ཧྲི་ཧ་མ་སིར་རྡུང་རྡེག་ཕོག་རྗེས་དམག་དོན་ནུས་པ་སླར་གསོ་བྱེད་པའི་འབྲེལ་ཡོད་བྱེད་སྒོའི་ནང་ཞུགས་པ་རེད་ཟེར།

གཡང་འབུམ་རྒྱལ་གྱིས་བསྒྱུར།