ཚེས21ཉིན་སུའུ་ཏན་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཉིན་དེར་རྒྱལ་ས་ཁར་ཐུའུ་མུའུ་རུ་ཡོད་པའི་ཙུང་ཐུང་གི་བཞུགས་ཤག་དེ་སླར་ཡང་ཚོད་འཛིན་བྱས་པ་རེད།
ཁ་ཐར་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་ཉིན་དེར་སུའུ་ཏན་སྲིད་གཞུང་གི་མགྲིན་ཚབ་པའི་སྐད་ཆ་དྲངས་ནས“ཉིན་དེར་སུའུ་ཏན་གྱི་རྒྱལ་དར་ཙུང་ཐུང་བཞུགས་ཤག་གི་མཁའ་དབྱིངས་སུ་བསྒྲེངས་པ་རེད”ཅེས་བཤད་ཡོད།
ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་ད་དུང་གནས་ཚུལ་སྤེལ་ནས། སུའུ་ཏན་དྲག་ཆས་དམག་དཔུང་གིས་ཙུང་ཐུང་ཕོ་བྲང་གི་མཐའ་འཁོར་གྱི་སྲིད་གཞུང་གི་སྒྲིག་གཞི་ཁག་ཅིག་སླར་ཡང་ཚོད་འཛིན་བྱས་པ་དང་། སུའུ་ཏན་གྱི་མགྱོགས་མྱུར་རོགས་སྐྱོར་དམག་དཔུང་གིས་མུ་མཐུད་དུ་རྗེས་འདེད་བྱས་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།