ཨ་རིའི་ཁྲིམས་འཛིན་པུའུ་ཀྲང་གིས་ཐི་སི་ལར་མེ་སྐྱོན་བྱུང་བའི་ཐད་ནས་མི3ཞུ་གཏུག་བྱས།
2025.03.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས20ཉིན་ཨ་རིའི་ཁྲིམས་འཛིན་པུའུ་ཀྲང་ཕ་མུའུ·པང་ཏིས་ཀྱིས་ཐི་སི་ལར་མེ་སྐྱོན་བྱུང་བའི་དོན་རྐྱེན་ཁྲོད་མི3ཞུ་གཏུག་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།  ཁོ་ཚོས་འབར་དམ་བཀོལ་ནས་ཨ་རིའི་ཐི་སི་ལའི་ཚོང་ཁང་དང་གློག་གསོག་སྒྲིག་ཆས་ལ་མེ་བརྒྱབ་པའི་དོགས་གཞི་ཡོད།

པང་ཏིས་ཀྱིས་ཨ་རིའི་ཁྲིམས་འཛིན་པུའུ་ཡི་གཞུང་དོན་དྲ་བའི་སྟེང་གོང་གསལ་གྱི་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད། མོས་བཤད་རྒྱུར། “དེ་ནི་ཐ་ཚིག་ཅིག་བསྒྲགས་པ་ཡིན། གལ་ཏེ་ཁྱོད་རང་ཐི་སི་ལར་དམིགས་པའི་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་འགུལ་དེའི་ནང་ཞུགས་ཚེ་ཁྲིམས་འཛིན་པུའུ་ཡིས་ཁྱོད་རང་བཙོན་ཁང་དུ་འཇུག་རྒྱུ་རེད”ཅེས་བཤད།

ཤེས་རྟོགས་བྱུང་བ་ལྟར་ན། ཞུ་སྦྱོར་ཕྱི་མ་གསུམ་སྐྱོན་འདོན་ཞུ་གཏུག་ཚབས་ཆེན་དང་འཕྲད་པས་ཞིབ་དཔྱོད་ཕྱོགས་ཀྱིས་ཁོ་ཚོར་ལོ5ནས་ལོ20བར་གྱི་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པའི་རེ་བ་བཏོན་ཡོད་པ་རེད།

ཉེ་ལམ། ཨ་རིའི་ས་ཆ་མང་པོ་ཞིག་གི་ཐི་སི་ལའི་ཚོང་ཁང་དང་རླངས་འཁོར། གློག་གསོག་སྒྲིག་ཆས་བཅས་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་རེད། ཚེས་20ཉིན་ཨ་རིའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཐི་སི་ལར་གཏོར་བརླག་བྱེད་མཁན་ལ་ཆེས་མཐོ་བའི་ཁྲིམས་ཆད་ལོ20གཅོད་སྲིད་ཅེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།