དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་གིས་དབྱི་སི་རལ་གྱིས་ལེ་པ་ནོན་གྱི་མེ་ཤུགས་འཕུར་མདའི་རྒོལ་བར་བཟོད་སྒོམ་བྱེད་མི་སྲིད་ཟེར།
2025.03.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས22ཉིན་དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁ་ཚི་ཡིས་གསལ་བསྒྲགས་སྤེལ་ནས།  དབྱི་སི་རལ་གྱིས་ལེ་པ་ནོན་ཕྱོགས་ཀྱི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ལ་བཟོད་སྒོམ་བྱེད་མི་སྲིད་ཅེས་བཤད་པ་དང་། ཁོས་དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་ཞོགས་པར་ལེ་པ་ནོན་གྱི་མངའ་ཁོངས་ནས་དབྱི་སི་རལ་ལ་འཕངས་པའི་མེ་ཤུགས་འཕུར་མདེལ་གྱི་འཇབ་རྒོལ་ལ་ལན་སྤྲོད་དགོས་པའི་བཀའ་ཕབ།

ཁ་ཚི་ཡིས་ལེ་པ་ནོན་སྲིད་གཞུང་གིས་དེའི་མངའ་ཁོངས་ནས་དབྱི་སི་རལ་གྱིས་ཚུར་རྒོལ་གང་རུང་ལ་འགན་འཁྲི་འཁུར་རྒྱུ་ཡིན་པར་བསྟན།

དབྱི་སི་རལ་གྱི་དམག་དཔུང་གིས་བརྡ་ཁྱབ་བཏང་བ་ལྟར་ན།  ཉིན་དེའི་སྔ་དྲོའི་དུས་སུ་མེ་ཤུགས་འཕུར་མདེལ5ལེ་པ་ནོན་ནས་དབྱི་སི་རལ་གྱི་བྱང་རྒྱུད་མཐའ་མཚམས་ཀྱི་གྲོང་ཁྱེར་མེ་ཐུའུ་ལའི་ཕྱོགས་སུ་འཕངས་པའི་ནང་མེ་ཤུགས་འཕུར་མདེལ3བདེ་བླག་ངང་བཀག་འགོག་བྱས་པ་དང་།  མེ་ཤུགས་འཕུར་མདེལ་གཞན་པ2ལེ་པ་ནོན་དང་དབྱི་སི་རལ་གྱི་གནས་སྐབས་མཐའ་མཚམས་ལས་བརྒལ་མེད་པའི་ལེ་པ་ནོན་གྱི་ལྷོ་རྒྱུད་དུ་ལྷུང་ཡོད་པ་རེད། འཇབ་རྒོལ་བྱས་རྗེས།དབྱི་སི་རལ་གྱི་དམག་དཔུང་གིས་མྱུར་དུ་ལེ་པ་ནོན་གྱི་ལྷོ་རྒྱུད་ལ་མེ་སྒྱོགས་ཀྱིས་ཕར་རྒོལ་བྱས།

གཡང་འབུམ་རྒྱལ་གྱིས་བསྒྱུར།