ཚེས21ཉིན་གྱི་དགོང་མོར་ནི་ཀྲེར་དམག་སྲིད་སྲིད་གཞུང་གི་ནང་སྲིད་དང་སྤྱི་པའི་བདེ་འཇགས་པུའུ་ཀྲང་མུའུ་ཧན་མོ་ཏི·ཐུང་པ་ཡིས་བཤད་རྒྱུར། ཉིན་དེར་ནུབ་རྒྱུད་ཏི་ལ་པེ་ལི་ས་ཁུལ་ཆེན་པོའི་ཐའེ་ལ་ཞིང་ཆེན་གྱི་ཁོ་ཁོ་ལུའུ་གྲོང་རྡལ་དུ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཞིག་བྱུང་ནས། ཉུང་མཐར་ཡང་མི44རྐྱེན་ལམ་དུ་ཤོར་བ་དང་མི13ལ་རྨས་སྐྱོན་ཕོག་ཡོད་པའི་ནང་མི4ཡི་རྨས་སྐྱོན་ཚབས་ཆེན་རེད་ཟེར།
ཐུང་པ་ཡིས་ནི་ཀྲེར་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ནས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཐལ་སྐྱོད་རྩ་འཛུགས“ས་ཧ་ལའི་དབྱི་སི་ལན་རྒྱལ་ཁབ”ཀྱིས་འཇབ་རྒོལ་བྱས་པ་རེད། ས་གནས་དེའི་དུས་ཚོད་ཚེས21ཉིན་གྱི་དུས་ཚོད14སྟེང་མི་རྣམས་ཀྱིས་མཉམ་དུ་སྨོན་ལམ་འདེབས་སྐབས། དྲག་ཆས་མི་སྣ་སྐོར་ཞིག་གིས་དགོན་པའི་མཐའ་འཁོར་ནས་འཇབ་རྒོལ་བྱས་པར་མ་ཟད། ད་དུང་མཐའ་འཁོར་གྱི་གྲོང་མིའི་སྡོད་ཁང་མེར་བསྲེགས་པ་རེད་ཟེར།
ཐུང་པ་ཡིས་ད་དུང་སྤྱི་བསྒྲགས་ནང་ཚེས22ཉིན་ནས་བཟུང་རྒྱལ་ཡོངས་ནས་རྐྱེན་ལམ་དུ་ཤོར་བའི་མིར་ཉིན3གྱི་རིང་ལ་མྱ་ངན་ཞུ་རྒྱུ་ཁྱབ་བསྒྲགས་བྱས།
ཁོ་ཁོ་ལུའུ་གྲོང་རྡལ་ནི་ཀྲེར་དང་མ་ལི།པུའུ་ཁི་ན་ཧྥ་སོ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཉེ་བའི་ལོ་ཤས་རིང་ཐལ་སྐྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣའི་གབ་གནས་སུ་གྱུར་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།