ཀྲུང་ཙན་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད་ལ་མིང་རྟགས་འགོད་པའི་མཛད་སྒོ་བསྡུས།
2025.03.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཚེས21ཉིན་ཙན་པི་ཡར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་ཝང་ཧྲིན་དང་ཙན་པི་ཡའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་མུའུ་སུའོ་ཁོ་ཐུའུ་ཝ་ནེ་གཉིས་ཀྱིས་ལུའུ་ས་ཁ་རུ་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གི་ཚབ་བྱས་ནས་ཀྲུང་གོ་དང་ཙན་པི་ཡའི་དཔལ་འབྱོར་ལག་རྩལ་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད།

ཝང་ཧྲིན་གྱིས་བསྟན་དོན།   ཀྲུང་གོ་དང་ཙན་པི་ཡ་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དང་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད།  གྲོས་མཐུན་ལ་མིང་རྟགས་བཀོད་པ་ནི2024ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་དོན་འཁྱོལ་བྱེད་པའི་གྲུབ་འབྲས་གལ་ཆེན་ཞིག་རེད། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ།   ཀྲུང་གོ་དང་ཙན་པི་ཡའི་ཁྱབ་ཁོངས་སོ་སོའི་མཉམ་ལས་མུ་མཐུད་དུ་ཇེ་ཟབ་ཏུ་བཏང་ནས།  ཀྲུང་གོ་དང་ཙན་པི་ཡའི་འབྲེལ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བཤད།

མུའུ་སོ་ཁོ་ཐུའུ་ཝ་ནེ་ཡིས་བསྟན་དོན།  ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཁེ་ལས་ཀྱིས་ཙན་པི་ཡ་རུ་ངར་ལྕགས་དང་།ལུད་རྫས།རྨང་གཞིའི་སྒྲིག་བཀོད་བཅས་ཀྱི་ལས་གཞི་ཁག་ཅིག་ལག་བསྟར་བྱས་པར་ཕན་འབྲས་མངོན་གསལ་བླངས་ཡོད། ཐེངས་འདིར་མིང་རྟགས་བཀོད་པའི་གྲོས་མཐུན་ནི་རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ60ལྷག་ཙམ་འགོར་བའི་རིང་མཛའ་གྲོགས་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པའི་མཚོན་ཚུལ་ནུས་ལྡན་ཞིག་ཡིན་ཞེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།