ཚེས22ཉིན་གྱི་དགོང་མོ་ཨེ་ཅིབ་ཀྱི་གསར་འགྱུར་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་ལ་དབྱི་སི་རལ་གྱིས་ཨེ་ཅིབ་ཀྱི་འདུམ་སྒྲིག་བརྒྱུད་ནས་ཕ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་(ཧ་མ་སི་)ལ་དུས་མཚམས་གཉིས་སུ་བགོས་ནས་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་བྱས་པའི་མི་སྣ་གློད་གྲོལ་གཏོང་བའི་འཆར་གཞི་ཞིག་བཏོན་པ་རེད་ཟེར།
དབྱི་སི་རལ་ཕྱོགས་ཀྱི་གྲོས་གཞི་གཞིར་བཟུང་ན་དུས་མཚམས་དང་པོར་ཧ་མ་སིས་དབྱི་སི་རལ་ཕྱོགས་ཀྱི་བཀག་ཉར་བྱས་པའི་མི11གློད་གྲོལ་བཏང་ནས། ཚེ་ལས་འདས་པའི་མི16གི་བེམ་པོ་ཕྱིར་སྤྲོད་པ་དང་། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་ཉིན40ཡི་རིང་ལ་དམག་འཁྲུག་མཚམས་འཇོག་བྱེད་དགོས་པ། དུས་མཚམས་གཉིས་པར་དབྱི་སི་རལ་ཕྱོགས་ཀྱིས་ཧ་མ་སིར་བཀག་ཉར་བྱས་པའི་མི་སྣ་ལྷག་མ་ཚང་མ་ཐེངས་གཅིག་གིས་གློད་གྲོལ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
ཆ་འཕྲིན་མི་སྣ་དེས་ཨ་རིས་དབྱི་སི་རལ་གྱི་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར།
ཚེས18ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་མཁའ་རྒོལ་བྱས་ནས། ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་སླར་གསོ་བྱས་པ་རེད། རྒྱལ་ཁབ་མང་པོ་ཞིག་གིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་སླར་ཡང་དམག་འཁྲུག་བསླངས་པར་རྒོལ་གཏམ་བཏང་པར་མ་ཟད། ཅ་ཧྲ་ས་ཁུལ་དུ་ཡུན་རིང་བོར་དམག་འཁྲུག་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།