ས་ཡོམ་དྲག་པོ་ནས་འབར་མའི་མི་བརྒྱ་དང་ཞེ་བཞི་རྐྱེན་ལམ་དུ་ཤོར་བ་དང་འབར་མའི་མགོ་ཁྲིད་པས་རྒྱལ་སྤྱིའི་རོགས་སྐྱོར་བྱེད་པའི་འབོད་སྐུལ་བཏང་།
2025.03.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ཡིས་ཚེས་ཉེར་བརྒྱད་ཉིན་སྨྱན་བྱད་ལ་གཏམ་བཤད་སྤེལ་ཏེ། འབར་མའི་དབུས་ཕྱོགས་སུ་ཉིན་དེར་ས་ཡོམ་དྲག་པོ་བྱུང་ནས། མི་བརྒྱ་དང་ཞེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་བརྒྱ་དང་སོ་གཉིས་ལ་རྨས་ཕོག་ཟེར། མེན་ཨང་ལའེ་ཡིས་ད་རུང་རྒྱལ་ཁབ་སོ་སོ་དང་རྩ་འཛུགས་སོ་སོ། མང་ཚོགས་བཅས་ཀྱིས་འབར་མའི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

མེན་ཨང་ལའེ་ཡིས་བཤད་རྒྱུར། ངས་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་དང་རྩ་འཛུགས། མང་ཚོགས་ཚང་མ་གདན་ཞུ་བྱས་པ་ཡིན་ཞིང་། འབར་མའི་གནོད་ཐེབས་མང་ཚོགས་ལ་རོགས་རམ་བྱེད་འདོད་ན་ང་ཚོས་དགའ་བསུ་བྱེད་ངེས་ཡིན་ཟེར། ཁོས་ད་རུང་བསྟན་དོན། རྒུད་སྐྱོབ་བྱ་འགུལ་རྒྱ་ཆེར་སྤེལ་དགོས་པའི་དབང་གིས་འབར་མའི་མང་ཚོགས་ལ་རང་ནུས་ཅི་ལྕོགས་ཀྱི་རོགས་སྐྱོར་བྱེད་པར་རེ་བཞིན་ཡོད་ཟེར།

ས་དེའི་ཚེས་ཉེར་བརྒྱད་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་དང་སྐར་མ་ལྔ་བཅུའི་ཡས་མས་སུ། འབར་མའི་དབུས་ཕྱོགས་ས་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་ཡོམ་བྱུང་བ་དང་། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད། ས་ཡོམ་དེ་ལས་འབར་མའི་ཁང་བ་མང་བོར་གཏོར་བརླག་ཐེབས་ཡོད་ལ། མིག་སྔར་རྒུད་སྐྱོབ་བྱེད་བཞིན་པའི་སྒང་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།