མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བརྒྱད་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱིས་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མང་ཚོགས་ལ་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད་ཟེར།
ཀུའུ་ཐི་ལོས་སི་ཡིས་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་ཨེ་ཤ་ཡཱ་ཤར་ལྷོའི་རྒྱལ་ཁབ་ཀྱི་སྲིད་གཞུང་དང་མི་དམངས་ལ་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ས་ཡོམ་བྱུང་རྗེས། ས་ཡོམ་གྱི་གནོད་པ་ཚབས་ཆེ་བའི་འབར་མ་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་སྐྱོར་རེ་ཞུ་བཏོན་པ་དང་། འབར་མ་རུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཁག་གིས་འབར་མའི་སྲིད་གཞུང་བར་འབྲེལ་གཏུག་བྱ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ས་ཁུལ་དེའི་ཐོན་ཁུངས་སྐུལ་སློང་གང་ལེགས་བྱས་ནས་འབརམ་དང་གནོད་ཐེབས་རྒྱལ་ཁབ་གཞན་པར་རོགས་རམ་བྱེད་བཞིན་ཡོད་ཟེར།
འབར་མའི་དབུས་ཕྱོགས་སུ་ས་དེའི་དུས་ཚོད་ཚེས་ཉེར་བརྒྱད་ཉིན་གྱི་ཉིན་གུང་གི་དུས་ཚོད་བཅུ་གཉིས་དང་སྔར་མ་ལྔ་བཅུའི་ཡས་མས་སུ། ཚད་རིམ་བདུན་དང་གྲངས་ཆུང་བདུན་གྱི་ས་ཡོམ་བྱུང་བ་དང་། འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ཡིས་གཏམ་བཤད་སྤེལ་ཏེ། ཉིན་དེར་བྱུང་བའི་ས་ཡོམ་དྲག་པོ་ལས་འབར་མའི་མི་བརྒྱ་དང་ཞེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་བརྒྱ་དང་སོ་གཉིས་ལ་རྨས་ཕོག་ཡོད་ཟེར། ཁོས་རྒྱལ་ཁབ་སོ་སོ་དང་རྩ་འཛུགས་སོ་སོ། མང་ཚོགས་བཅས་ཀྱིས་འབར་མའི་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།