མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མེ་སྒོར་ས་ཡ་ལྔ་བཏང་ནས་འབར་མའི་ས་ཡོམ་རོགས་སྐྱོར་ཐད་བཀོལ།
2025.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་གཞུང་སྒྲུབ་ཁང་གིས་ཚེས་ཉེར་དགུ་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱས་མེ་སྒོར་ས་ཡ་ལྔ་བཏང་སྟེ་འབར་མའི་ས་ཡོམ་རོགས་སྐྱོར་བྱ་བའི་ཐད་བཀོལ་རྒྱུ་ཡིན་ཟེར།

གཞུང་སྒྲུབ་ཁང་དེས་བསྟན་དོན། འབྲེལ་ཡོད་ཀྱི་མཐུན་སྦྱོར་བྱ་བ་སྤེལ་བཞིན་པའི་སྒང་ཡིན་ལ། མྱུར་མོར་དཔྱད་འཇོག་བྱས་ཏེ་འཕྲལ་བསྟུན་རོགས་སྐྱོར་ཇེ་མང་དུ་གཏོང་བཞིན་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་དབྱང་འཕྲལ་བསྟུན་ཐེབས་རྩ་ཚོགས་པས་མེ་སྒོར་ས་ཡ་ལྔ་བཏང་ནས་འབར་མའི་རྒུད་སྐྱོབ་འགུལ་སྐྱོད་ལ་རོགས་རམ་བྱེད་རྒྱུ་ཡིན་པ་དང་། དེ་ལས་གཞན་འཕྲོད་བསྟེན་མཉམ་ལས་གྲོགས་པོས་ཕྱི་ནད་དང་སྨན་བཅོས་རུ་ཁག དེ་མིན་གནས་སྐབས་སྨན་ཁང་བཅས་བཀོད་སྒྲིག་བྱས་ཏེ། བྲེལ་མྱུར་སྨན་བཅོས་བྱ་བ་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

གཞུང་སྒྲུབ་ཁང་དེས་ནན་གྱིས་བསྟན་དོན། མིག་སྔར་རྒུད་སྐྱོབ་འགུལ་སྐྱོད་དེ་འགྲན་རྩོད་མང་བོར་འཕྲད་ཡོད་ཅིང་། གློག་འཕྲིན་དང་དྲ་རྒྱ་ཆད་པ་དང་། གཞུང་ལམ་ལ་གཏོར་བརླག་ཐེབས་ནས་ཁང་བ་རྡིབས་པ་སོགས་ཀྱིས་རྒུད་སྐྱོབ་བྱ་བ་སྤེལ་བར་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། སྨན་ཁང་དང་སྨན་བཅོས་སྒྲིག་ཆས་གཞན་པར་གཞི་རྒྱ་ཆེ་བའི་གཏོར་བརླག་ཐེབས་ཡོད་པ་དང་། སྨན་བཅོས་མཁོ་དངོས་ཧ་ཅང་དཀོན་ཟེར།

ཚེས་ཉེར་བརྒྱད་ཉིན། འབར་མའི་དབུས་ཕྱོགས་ས་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་། འབར་མའི་རྒྱལ་ཁབ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དགུ་ཉིན་གྱི་དགོང་མོར་སྤེལ་བའི་གནས་ཚུལ་ལྟར་ན། གནོད་ཐེབས་ས་ཁུལ་དུ་མི་སྟོང་གཅིག་དང་དྲུག་བརྒྱ་ཞེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་གསུམ་དང་བཞི་བརྒྱ་བརྒྱད་ལ་རྨས་ཕོག་ཡོད་ལ། གཞན་ཡང་མི་བརྒྱ་དང་སོ་དགུ་གར་སོང་རྙེད་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།