ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་འབར་མའི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་མི་ཆོས་རོགས་སྐྱོར་འདོན་སྤྲོད་བྱས།
2025.03.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

གསར་འགོད་པས་ཚེས་ཉེར་དགུ་ཉིན་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྤྱི་ཁྱབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། འབར་མར་ཚད་རིམ་བདུན་དང་གྲངས་ཆུང་དགུའི་ས་ཡོམ་བྱུང་རྗེས། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་འབར་མའི་རྒྱ་གྲམ་དམར་པོ་ཚོགས་པ་བརྒྱུད་དེ་གནོད་ཐེབས་ས་ཁུལ་ལ་བྲེལ་མྱུར་དངོས་རྫས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། དེའི་ནང་རས་གུར་སུམ་བརྒྱ་དང་ཉལ་ཐུལ་སྟོང་གཉིས། ལྟེབས་ཆོག་པའི་མལ་ཁྲི་དྲུག་བརྒྱ། དེ་མིན་གནོད་ཐེབས་ཁྱིམ་ཚང་སྟོང་གཉིས་ཀྱིས་བེད་སྤྱོད་བྱས་ཆོག་པའི་རྒུད་སྐྱོབ་ཁྱིམ་མཁོའི་དངོས་པོ་སོགས་འདུས། རྒུད་སྐྱོབ་དངོས་རྫས་དེ་དག་ཡུན་ནན་རྒྱ་གྲམ་དམར་པོའི་གནོད་འགོག་རྒུད་སྐྱོབ་ལྟེ་གནས་ནས་བཏོན་ནས་སྐྱེལ་འདྲེན་བྱེད་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་མངག་པའི་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་རྒུད་སྐྱོབ་རུ་ཁག་གིས་སྒྲིག་ཆས་ཁྱེར་ནས། འབར་མར་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་ལས་འགན་ལག་བསྟར་བྱེད་པར་སོང་། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པས་མུ་མཐུད་དུ་འབར་མའི་རྒུད་སྐྱོབ་དགོས་མཁོ་དོ་སྣང་བྱས་ཏེ། མུ་མཐུད་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།