ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་ཚེས་ཉེར་བརྒྱད་ཉིན་འབར་མའི་ས་ཡོམ་དྲག་པོའི་ཐད་ནས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྱི་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། གནོད་སྐྱོབ་བསྐྱར་འཛུགས་བྱ་བར་རོགས་འདེགས་བྱེད་འདོད་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། འབར་མའི་དབུས་ཕྱོགས་ས་ཁུལ་དུ་ས་ཡོམ་བྱུང་ནས་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་དང་། མན་ཏི་ལེ་དང་ནེ་པུས་ཏུའུ། མན་ཀུའུ། ཆིན་མེད། དེ་མིན་ཉེ་འཁོར་ས་ཁུལ་བཅས་སུ་གཏོར་བརླག་ཚབས་ཆེན་བཟོས་ཡོད། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་གནོད་ཐེབས་མང་ཚོགས་དང་དེ་དག་གི་ཁྱིམ་མིར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་མིག་སྔའི་བྲེལ་མྱུར་མི་ཆོས་རྒུད་སྐྱོབ་ཀྱི་དགོས་མཁོ་ཤེས་ཡོད་པ་དང་། འབར་མ་དང་ཐེ་གོ་ཡིས་བཏོན་པའི་རེ་བ་ལྟར་དུ་རོགས་སྐྱོར་འགུལ་སྐྱོད་སྤེལ་ནས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་འཕྲལ་བསྟུད་དཔྱད་འཇོག་ཚན་ཆུང་མངག་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་གནོད་འཚེའི་འཕྲལ་བསྟུན་དངོས་རྫས་མ་ལག་མགོ་བརྩམས། དེ་མིན་གྲོང་ཁྱེར་རྒུད་སྐྱོབ་རུ་ཁག་གི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་སོགས་འདུས།
དེ་ལས་གཞན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱིས་རང་གི་མཐུན་སྒྲིལ་གཅིག་གྱུར་གྱི་ལངས་ཕྱོགས་བསྐྱར་སྒྲོག་བྱས་པ་དང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མི་ཆོས་རིང་ལུགས་རོགས་སྐྱོར་མཐུན་སྦྱོར་ལྟེ་གནས་ཀྱིས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འགུལ་སྐྱོད་ལ་མཐུན་སྦྱོར་ཟབ་མོ་བྱས་ཏེ། རྒུད་སྐྱོབ་བྱ་བར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས། རྒུད་སྐྱོབ་བྱ་བ་དུས་ལྟར་ཕན་ནུས་ལྡན་པར་སྤེལ་བར་འགན་སྲུང་བྱེད་རྒྱུ་ཁས་ལེན་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།