འབར་མའི་ས་ཡོམ་དྲག་པོ་ལས་མི་སྟོང་གཉིས་དང་བདུན་བརྒྱ་བཅུ་དགུ་རྐྱེན་ལམ་དུ་ཤོར།
2025.04.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

འབར་མའི་སྨྱན་བྱད་ཀྱིས་ཟླ4བའི་ཚེས1ཉིན་བསྒྲགས་པ་ལྟར་ན། འབར་མའི་མགོ་ཁྲིད་པ་མེན་ཨང་ལའེ་ཡིས་བཤད་རྒྱུར། ས་ཡོམ་དྲག་པོ་ལས་རྒྱལ་ཡོངས་སུ་མི་སྟོང་གཉིས་དང་བདུན་བརྒྱ་བཅུ་དགུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

མེན་ཨང་ལའེ་ཡིས་ཉིན་དེར་རྒྱལ་ས་ནེ་པུས་ཏུའུ་ནས་བསྡུས་པའི་རྒུད་སྐྱོབ་ཞལ་འདེབས་འབུལ་བའི་བྱ་འགུལ་སྟེང་བཤད་རྒྱུར། ས་ཡོམ་དྲག་པོ་དེ་ལས་ད་རུང་མི་སྟོང་བཞི་དང་ལྔ་བརྒྱ་ཉེར་གཅིག་ལ་རྨས་ཕོག་པ་དང་། གཞན་ཡང་མི་བཞི་བརྒྱ་དང་ཞེ་གཅིག་གར་སོང་རྙེད་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།