ས་གནས་དེའི་དུས་ཚོད་ཟླ4བའི་ཚེས3ཉིན། ཀྲུང་གོ་སྲིད་གཞུང་གིས་འབར་མར་མཁོ་འདོན་བྱས་པའི་མི་ཆོས་རིང་ལུགས་ཀྱི་ས་ཡོམ་གནོད་སེལ་རོགས་སྐྱོར་དངོས་རྫས་སྐོར་གཉིས་པ་འབར་མའི་དབྱང་ཀོང་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབྱོར་ཡོད།
ཤེས་རྟོགས་བྱུང་བ་ལྟར་ན། རོགས་སྐྱོར་དངོས་ཟོག་སྐོར་གཉིས་པའི་ནང་རས་གུར800དང་། ས་གདན2000 ཀ་ར་གོ་རེ་སྒམ3000 གཏེར་ཆུ་སྒམ2000སོགས་བཅས་ཡོད་པ་རེད། མི་ཆོས་རིང་ལུགས་ཀྱི་ས་ཡོམ་གནོད་སེལ་རོགས་སྐྱོར་དངོས་རྫས་སྐོར་དང་པོ་ཟླ3པའི་ཚེས31ཉིན་འབར་མར་འབྱོར་ཡོད།
གཡང་འབུམ་རྒྱལ་གྱིས་བསྒྱུར།