ལིའུ་ཅན་ཁྲའོ་ཡིས་ཨ་སེ་པད་ཅང་དུ་འཚམས་འདྲི་བྱས།
2025.04.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ4བའི་ཚེས1ཉིན་ནས་ཚེས2ཉིན་བར་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས་ཀྲུང་གུང་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཨ་སེ་པད་ཅང་དུ་འཚམས་འདྲི་བྱས་པ་དང་། ཙུང་ཐུང་དང་ཨ་སེ་པད་ཅང་གསར་པའི་ཏང་གི་ཀྲུའུ་ཞི་ཨ་ལིས་ཡེ་ཧྥུའུ་དང་། ཙུང་ལིས་ཨ་ས་ཏུའོ་ཧྥུའུ། རྒྱལ་དམངས་གྲོས་ཁངལགི་ཀྲུའུ་ཞི་ཅ་ཧྥ་ལུའོ་ཝ། ཨ་སེ་པད་ཅང་གསར་པའི་ཏང་གི་ཀྲུའུ་ཞི་གཞོན་པ་དང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གི་ཀྲུའུ་རིན་གྱི་འགན་གཅིག་ལྕོགས་སུ་ཁུར་བའི་པུའུ་ཏ་ཀེ་ཧྥུའུ་སོགས་དང་ཐུག་འཕྲད་བྱས་པ་དང་།  ཨ་སེ་པད་ཅང་གི་ལས་རིགས་སོ་སོའི་མི་སྣར་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་གཏན་འཁེལ་བྱས་པའི་བཅོས་བསྒྱུར་བྱེད་ཐབས་རབ་དང་རིམ་པ་ངོ་སྤྲོད་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཆབ་སྲིད་གྲོས་མོལ་དང་འཐབ་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་བྱེད་པ། རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ། ཁྱབ་ཁོངས་སོ་སོའི་མཉམ་ལས་དང་ཕྱོགས་མང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཨ་སེ་པད་ཅང་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་མུ་མཐུད་དུ་གོང་དུ་སྤེལ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།