དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ཀྱི་མཐོ་རིམ་ཁོངས་མི་གཉིས་བསད།
2025.04.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས4ཉིན།དབྱི་སི་རལ་གྱི་རྒྱལ་སྲུང་དམག་དང་དབྱི་སི་རལ་རྒྱལ་ཁབ་བདེ་འཇགས་སྤྱི་ཁྱབ་ཅུའུ་ཡིས་མཉམ་དུ་གསལ་བསྒྲགས་སྤེལ་ནས།  ཉེ་ལམ་ཅ་ཧྲ་ས་ཁུལ་གྱི་དམག་དོན་བྱ་སྤྱོད་ཁྲོད་ཕ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱི་མཐོ་རིམ་ཁོངས་མི་གཉིས་བསད་ཟེར།

གསལ་བསྒྲགས་ལས་བཤད་རྒྱུར།  ཚེས4ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཕ་ལེ་སི་ཐན་དྲག་ཆས་རྩ་འཛུགས་ཀྱི་མཐོ་རིམ་དམག་དོན་བཀོད་འདོམས་དཔོན་པོ་མུའུ་ཧན་མའོ་ཏི·ཨ་ཝ་ཏེ་བསད་པ་དང་།   མི་འདིས2023ལོའི་ཟླ10བའི་ཚེས7ཉིན་དབྱི་སི་རལ་ལ་གློ་བུར་དུ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་རྩ་འཛུགས་བྱས་པར་མ་ཟད་འགུལ་སྐྱོད་དེའི་ནང་དུ་ཞུགས་ཡོད་པ་རེད།

གཞན་ཡང་ཚེས3ཉིན་དབྱི་སི་རལ་གྱི་དམག་དཔུང་གིས་ཕ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་མ་དངུལ་མཐུན་སྦྱོར་པ་སའེ་དབྱི་ཏི·ཨའེ་ཧ་མེ་ཏི·ཨ་པིས་ཏི·ཧུའུ་ཏ་ལིས་བསད་པ་རེད། མི་འདིས་ལོ་མང་པོའི་རིང་ལ་མུ་མཐུད་དུ་ཧ་མ་སིའི་དམག་དོན་ཡན་ལག་ལ་མ་དངུལ་གྱིས་རོགས་རམ་བྱས་ཡོད་པ་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།