ཚེས5ཉིན།ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་སྟེང་གནས་ཚུལ་སྤེལ་ནས་བཤད་རྒྱུར།འདས་ཟིན་པའི་དུས་ཚོད24ནང་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཨུ་རུ་སུའི་ནུས་རྒྱུའི་རྨང་གཞིའི་སྒྲིག་ཆས་ལ་འཇབ་རྒོལ་ཐེངས14བྱས་ཟེར།
གནས་ཚུལ་སྤེལ་བའི་ནང་འདས་ཟིན་པའི་དུས་ཚོད24ནང་ཝུའུ་ཁི་ལན་གྱི་དམག་དཔུང་གིས་འཇབ་རྒོལ་བྱས་ནས།ཨུ་རུ་སུའི་པུའུ་ལེང་སི་ཁི་མངའ་སྡེ་དང་།པེ་ཨེར་ཀི་ལའོ་ཏི་མངའ་སྡེ།སི་མོ་ལིང་སི་ཁི་མངའ་སྡེ།ལི་ཕེ་ཚི་ཁི་མངའ་སྡེ་སོགས་ས་ཁུལ་གྱི་ནུས་རྒྱུའི་རྨང་གཞིའི་སྒྲིག་ཆས་ལ་གནོད་འཚེ་བཟོས་པར་བཤད་ཡོད།
ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡིས་ད་དུང་འདས་ཟིན་པའི་ཉིན་མཚན་གཅིག་གི་རིང་དུ།ཨུ་རུ་སུའི་གཡུལ་འགྱེད་འཐབ་རྩལ་མཁའ་འགྲུལ་དམག་དཔུང་དང་།ཕར་རྒོལ་རྣམ་པའི་མི་མེད་གནམ་གྲུ།འཕུར་མདེལ་དཔུང་སྡེ།སྒྱོགས་དམག་དཔུང་སྡེ་བཅས་ཀྱིས་ཝུའུ་ཁི་ལན་གྱི་དམག་དཔུང་གི་ས་ཁུལ147གྱི་དམག་སྤྱོད་གནམ་གྲུ་ཐང་གི་རྨང་གཞིའི་སྒྲིག་ཆས་དང་འཕུར་མདེལ།སྒྱོགས་དམག་གི་མཚོན་ཆ་དང་རྫས་མདེལ་མཛོད་ཁང་།མི་མེད་གནམ་གྲུ་སྒྲིག་སྦྱོར་ཁེ་ལས།ཝུའུ་ཁི་ལན་གྱི་དམག་དང་ཕྱི་རྒྱལ་གྱི་གླས་དམག དེ་མིན་སྒྲིག་ཆས་སོགས་དམིགས་འབེན་ཁག་ཅིག་ལ་གཅིག་བསྡུས་ཀྱིས་རྡུང་རྡེག་བཏང་ཟེར།
ཟླ3པའི་ཚེས24ཉིན།ཨུ་རུ་སུ་དང་ཨ་རིའི་འཐུས་ཚབ་ཚོགས་པས་སོ་ཏི་ཨ་རབ་ཀྱི་རྒྱལ་ས་ལི་ཡ་ཏི་རུ་གྲོས་མོལ་བྱས། ཟླ3པའི་ཚེས25ཉིན།ཁེ་ལིན་མུའུ་ལིན་ཀུང་སིས་ཨུ་རུ་སུ་དང་ཨ་རིས་རྡུང་རྡེག་མཚམས་འཇོག་པར་གྲོས་ཐག་བཅད་པའི་ཨུ་རུ་སུ་དང་ཝུའུ་ཁི་ལན་གྱི་ནུས་རྒྱུའི་སྒྲིག་བཀོད་ཀྱི་རྩིས་ཐོ་ཞིག་ཁྱབ་བསྒྲགས་བྱས། རྩིས་ཐོ་དེའི་ནང་སྣུམ་སྦྱང་བཟོ་གྲྭ་དང་ཆུ་འཐེན་ས་ཚིགས་སོགས་སྣུམ་རླངས་སྒྲིག་ཆས་འདུས་ཡོད་པ་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།