ཚེས5ཉིན།ཨུ་རུ་སུའི་ས་མ་ལ་མངའ་སྡེའི་མགོ་གཙོ་ཝེ་ཡ་ཆེ་སི་ལ་ཧྥུའུ·ཧྥེ་ཏའོ་ལིས་ཞེ་ཧྥུའུ་ཡིས་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས།ཝུའུ་ཁི་ལན་གྱི་མི་མེད་གནམ་གྲུས་ཉིན་དེའི་ཐོ་རེངས་དུས་སུ་མངའ་སྡེ་དེའི་ཆ་ཕ་ཡེ་ཧྥུའུ་སི་ཁེ་གྲོང་ཁྱེར་གྱི་བཟོ་ལས་ཁེ་ལས་ཤིག་ལ་འཇབ་རྒོལ་བྱས་ནས་མེ་སྐྱོན་བྱུང་ཡོད་ཟེར། ཚེས4ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་བརྡ་ཁྱབ་ལྟར་ན།ཨུ་རུ་སུའི་དམག་དཔུང་གིས་ཉིན་དེའི་ས་རུབ་ཁར་འཕུར་མདེལ་སྤྱད་དེ་ཝུའུ་ཁི་ལན་གྱི་དམག་དཔོན་དང་ནུབ་ཕྱོགས་ཀྱི་དམག་དོན་ཐུག་འཕྲད་བྱ་ཡུལ་དུ་རྡུང་རྡེག་ནན་མོ་བཏང་པ་ལས་མི85རྐྱེན་ལམ་དུ་ཤོར་འདུག
ཧྥེ་ཏའོ་ལིས་ཞེ་ཧྥུའུ་ཡིས་བཤད་རྒྱུར།ས་གནས་དེའི་འཕྲལ་སྒྲུབ་སྡེ་ཁག་གི་རོགས་སྐྱོབ་མི་སྣས་ཡུལ་དངོས་སུ་མེ་གསོད་བཞིན་ཡོད་པ་དང་།མི་མེད་གནམ་གྲུའི་འཇབ་རྒོལ་ལས་མི་སྣ་ཤི་རྨས་བྱུང་མེད་ལ་མིག་སྔའི་གནས་བབ་ཚོད་འཛིན་བྱེད་ཐུབ་པར་གྱུར་ཡོད་ཟེར།
ཚེས4ཉིན་གྱི་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་བརྡ་ཁྱབ་ནང་བཤད་རྒྱུར།འཕུར་མདེལ་གྱིས་ཝུའུ་ཁི་ལན་གྱི་ཏིས་ཉེ་པོ་ལའོ་པིས་ཏི་ལའོ་ཧྥུའུ་སི་ཁི་མངའ་སྡེའི་ཁེ་ལིས་ཝོ་དབྱི་ལའོ་ཀི་གྲོང་ཁྱེར་དུ་ཡོད་པའི་ཟ་ཁང་ཞིག་ལ་གཏོར་བཤིག་ཐེབས་ཡོད་པ་དང་།དོན་རྐྱེན་བྱུང་སྐབས་ཝུའུ་ཁི་ལན་ཕྱོགས་ཀྱི་དམག་དཔོན་དང་ནུབ་ཕྱོགས་ཀྱི་དམག་དོན་དགེ་རྒན་གཉིས་གནས་དེར་ཐུག་འཕྲད་བྱེད་བཞིན་ཡོད་པ་དང་།འཕུར་མདེལ་གྱི་རྡུང་རྡེག་ལས་ནུབ་ཕྱོགས་ཀྱི་དམག་དོན་དགེ་རྒན་དང་བཅས་པའི་དམག་མི85རྐྱེན་ལམ་དུ་ཤོར་ཟེར།
ཚེས4ཉིན་གྱི་དགོང་མོར་ཝུའུ་ཁི་ལན་གྱི་ཏིས་ཉེ་པོ་ལའོ་པིས་ཏི་ལའོ་ཧྥུའུ་སི་ཁི་མངའ་སྡེའི་དམག་སྲིད་དོ་དམ་ཅུའུ་ཡིས་གནས་ཚུལ་སྤེལ་ནས་བཤད་རྒྱུར།ཉིན་དེར་ཁི་ལིས་ཝོ་དབྱི་ལའོ་ཀི་གྲོང་ཁྱེར་གྱི་སྡོད་དམངས་ཁུལ་ཞིག་ལ་ཨུ་རུ་སུའི་འཕུར་མདེལ་གྱི་འཇབ་རྒོལ་ཐེབས་ནས་མི26རྐྱེན་ལམ་དུ་ཤོར་ཡོད་མོད།འོན་ཀྱང་དེའི་རྗེས་སུ་ཝུའུ་ཁི་ལན་གྱིས་གནས་ཚུལ་དེ་བསུབས་འདུག་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།