ཀྲུང་གོའི་འཕྲུལ་གློག་ཚོང་ཚོགས་ཀྱིས་ཨ་རིའི“འདྲ་མཚུངས་སྒོ་ཁྲལ”གྱི་བྱེད་ཐབས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས།
2025.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཚེས5ཉིན།ཀྲུང་གོའི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས་ཨ་རིས་ལག་བསྟར་བྱེད་བཞིན་པའི“འདྲ་མཚུངས་སྒོ་ཁྲལ”གྱི་བྱེད་ཐབས་ལ་ངོ་རྒོལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་པ་དང་།ཨ་རི་ཕྱོགས་ཀྱིས་ཕྱོགས་རྐྱང་རིང་ལུགས་ཀྱི་བྱ་སྤྱོད་མྱུར་དུ་མཚམས་བཞག་སྟེ་གྲོས་མོལ་བརྒྱུད་ནས་མི་མཐུན་པའི་ཆ་ཐག་གཅོད་བྱ་རྒྱུར་སྐུལ་མ་བཏང་།

གསལ་བསྒྲགས་ལས་བསྟན་དོན།ཕྱོགས་རྐྱང་པའི་ཚོང་དོན་སྲུང་སྐྱོབ་རིང་ལུགས་ཀྱི་བྱ་སྤྱོད་དེ་རིགས་ཀྱིས་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་ལ་རྒྱབ་འགལ་ཚབས་ཆེན་བྱས་ཡོད་པར་མ་ཟད།གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་སྒྲིག་ལམ་ལ་དེ་ལས་ཀྱང་གཏོར་བརླག་ཚབས་ཆེན་བྱེད་པ་དང་།ཁེ་ལས་ལས་རིགས་དང་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ།གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་ལྷིང་ལ་གཏོར་བརླགས་ཐེབས་རྒྱུ་རེད། ཀྲུང་གོའི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པར་སྤྱོད་པའི་ཁ་གཏད་གཅོག་ཐབས་ཡོད་ཚད་ལ་མཐའ་གཅིག་ཏུ་བརྩི་བཀུར་བྱེད་ཀྱི་ཡོད། ཀྲུང་གོ་སྲིད་གཞུང་གི་མགོ་ཁྲིད་འོག ཀྲུང་གོའི་འཕྲུལ་གློག་ཕྱི་ཕྱོགས་ཚོང་དོན་ལས་རིགས་ལ་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་འགོག་པའི་ཡིད་ཆེས་དང་ནུས་པ་ལྡན།

གསལ་བསྒྲགས་ལས་མིག་སྔའི་གནས་ཚུལ་གྱི་མདུན་དུ་ཁོངས་མིའི་ཁེ་ལས་ཡོངས་དང་རྒྱལ་ནང་གི་འཕྲུལ་གློག་ལས་རིགས་ཀྱི་ལས་གྲོགས་མཐུན་སྒྲིལ་གཅིག་གྱུར་བྱས་ཏེ།སྒོ་འབྱེད་མཉམ་རྒྱལ་གྱི་རྒྱལ་སྤྱི་ཅན་གྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཕྱི་ཕྱོགས་ཚོང་གཉེར་ཐབས་ཇུས་ཧུར་ཐག་གིས་ལེགས་སྒྲིག་བྱས་ནས་སྣ་མང་ཅན་གྱི་ཁྲོམ་ར་གསར་འབྱེད་བྱས་ཏེ།ཕྱི་ཕྱོགས་ཚོང་དོན་ཚུལ་སྒྱུར་དང་རིམ་སྤོར་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་འབོད་སྐུལ་བཏང་། ཀྲུང་གོའི་འཕྲུལ་གློག་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཁེ་ལས་ལ་རྒྱབ་སྐྱོར་དང་ཞབས་ཞུ་འདོན་སྤྲོད་བྱས་ཏེ།ལས་རིགས་ཁེ་ལས་དང་མཉམ་དུ་དུས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་འཕྲུལ་གློག་ཕྱིར་འཚོང་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་མཉམ་དུ་སྲུང་སྐྱོང་བྱ་རྒྱུ་རེད། 

གཡང་འབུམ་རྒྱལ་གྱིས་བསྒྱུར།