ནི་ཀྲེ་རི་ཡའི་དབུས་རྒྱུད་དུ་འཇབ་རྒོལ་དོན་རྐྱེན་བྱུང་ནས་ཉུང་མཐར་ཡང་མི52རྐྱེན་ལམ་དུ་ཤོར།
2025.04.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཚེས4ཉིན།ནི་ཀྲེ་རི་ཡའི་དབུས་རྒྱུད་ཀའོ་ཡོན་མངའ་སྡེའི་སྡེ་ཁུལ་གྱི་འགན་འཁུར་བ་ཞིག་གིས་བཤད་རྒྱུར།ཚེས2ཉིན་མངའ་སྡེ་དེར་ཐེབས་པའི་འཇབ་རྒོལ་དོན་རྐྱེན་ཁྲོད་ཉུང་མཐར་ཡང་མི52རྐྱེན་ལམ་དུ་ཤོར་ཟེར།

ཚེས4ཉིན་སྡེ་ཁུལ་དེའི་འགན་འཁུར་བ་ཧྥ་མ་སུའུ་མུའུ·ཧྥུའུ་ཏང་གིས་ཀའོ་ཡོན་མངའ་སྡེ་ཡི་ལྟེ་བའི་གྲོང་ཁྱེར་ཆའོ་སི་རུ་བཤད་རྒྱུར།འཇབ་རྒོལ་དེ་ཀའོ་ཡོན་མངའ་སྡེའི་པོ་ཁུ་སི་ས་ཁུལ་དུ་བྱུང་བ་དང་འཇབ་རྒོལ་བྱེད་མཁན་གྱིས་ས་གནས་དེའི་མི་ལ་སྐབས་བསྟུན་གྱིས་མེ་མདས་བརྒྱབ་པ་དང་ཁང་པ་མེར་བསྲེགས་ཏེ་མི་སྣ་མང་པོར་ཤི་རྨས་བཟོས་ཟེར།

དྲག་ཆས་འཇབ་རྒོལ་དེ་ནི་ནི་ཀྲེ་རི་ཡའི་བྱང་རྒྱུད་དང་དབུས་རྒྱུད་ས་ཁུལ་གྱི་བདེ་འཇགས་འཇིགས་སྐུལ་གཙོ་བོའི་གྲས་ཤིག་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར།