ཚེས5ཉིན།ཨེ་ཅིབ་ཀྱི་ཙུང་ཐུང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་ཧྥ་རན་སིའི་ཙུང་ཐུང་མ་ཁུ་ལུང་གཉིས་ཀྱིས་ཉིན་དེར་ཁ་པར་བཏང་ནས་ཕྱོགས་གཉིས་ཀྱིས་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མྱུར་དུ་མཚམས་བཞག་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱ་རྒྱུའི་འབོད་སྐུལ་བཏང་།
གསལ་བསྒྲགས་ནང་ཕྱོགས་གཉིས་ཀྱིས་ཁ་པར་གཏོང་སྐབས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”ཡིས་ས་ཁུལ་དེར་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ཅེས་འཁོད་ཡོད། ཕྱོགས་གཉིས་ཀྱིས་ད་དུང་ཚེས6ཉིན་མ་ཁུ་ལུང་གིས་ཨེ་ཅིབ་ལ་འཚམས་འདྲི་བྱེད་པའི་རིང་དུ་ཨེ་ཅིབ་དང་ཧྥ་རན་སི། ཅོར་ཏན་བཅས་ཕྱོགས་གསུམ་གྱི་རྩེ་ཚོགས་བསྡུ་བའི་ཐད་གྲོས་བསྡུར་བྱས།
ཉིན་དེར་མ་ཁུ་ལུང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་བྱད་སྟེང་རྩོམ་ཡིག་སྤེལ་ནས། ཅ་ཧྲ་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ལ་ཁ་གཏད་གཅོག་པ་དང་མཉམ་དུ། སའེ་ཞི་ཡི་གདན་ཞུས་ལྟར་ཁོས་ཨེ་ཅིབ་ལ་འཚམས་འདྲི་བྱེད་པའི་རྣམ་པས་སའེ་ཞི་དང་ཅོར་ཏན་གྱི་རྒྱལ་པོ་ཨ་པུའུ་ཏུའུ་ལ་སྐུ་ཕྲེང་གཉིས་པ་དང་མཉམ་དུ“ཕྱོགས་གསུམ་གྱི་རྩེ་ཚོགས”བསྡུ་རྒྱུ་ཡིན་ཞེས་བཤད།
གཡང་འབུམ་རྒྱལ་གྱིས་བསྒྱུར།