དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། ཉིན་དེའི་དགོང་མོར་མེ་ཤུགས་འཕུར་མདའ10ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་མཁའ་དམག་གིས་དེའི་ནང་གི་མེ་ཤུགས་འཕུར་མདའ་ལྔ་བདེ་བླག་ངང་བཀག་ཡོད་ཟེར། དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་ཟླ་ངོ་འགའི་རིང་ལ་དབྱི་སི་རལ་ལ་ཅཱ་ཧྲ་ས་ཁུལ་ནས་ཐེབས་པའི་གཞི་རྒྱ་ཆེས་ཆེ་བའི་འཇབ་རྒོལ་ཅིག་རེད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་དང་ཅཱ་ཧྲའི་མཐའ་མཚམས་ཀྱི་ས་ཁུལ་མང་བོ་ནས་འཕུར་མདའ་མང་བོ་གཏོང་འཕེན་བྱས་པ་དང་། དབྱི་སི་རལ་གྱི་དམག་མི་ཡུལ་དངོས་སུ་མངག་གཏོང་བྱས་ཡོད་ལ། དབྱི་སི་རལ་གྱི་བདེ་འཇགས་དམག་དཔུང་བར་མཉམ་ལས་བྱས་ཏེ་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར།
སྨྱན་བྱད་ཀྱིས་སྤེལ་བའི་བརྙན་རིས་ལས་མངོན་པ་ལྟར་ན། དབྱི་སི་རལ་ལྷོ་ངོས་ཀྱི་ཨ་ཧྲི་ཁའེ་ལུང་གི་གནས་ཤིག་ཏུ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་པ་དང་། སྨན་བཅོས་མི་སྣས་བཤད་ན་མི་གཅིག་ལ་རྨས་ཡང་མོ་ཕོ་ཡོད་ཟེར།
ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གིས་ཚེས6ཉིན་གྱི་དགོང་མོར་བཤད་རྒྱུར། དབྱི་སི་རལ་ལྷོ་ཕྱོགས་ཀྱི་ཨ་ཧྲི་ཏུའུ་ཏི་གྲོང་ཁྱེར་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།