དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཨ་ལཱ་ཀི་ཆི་ཡིས་ཚེས6ཉིན་དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་གྲོས་མོལ་གནད་དོན་ཐད་ནས་བསྟན་དོན། ད་ལྟའི་བར་ཕྱོགས་གཉིས་ཀྱིས་ད་རུང་གྲོས་མོལ་གང་ཡང་སྤེལ་མེད་ཟེར།
དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས6ཉིན་བསྒྲགས་པ་ལྟར་ན། ཨ་ལཱ་ཀི་ཆི་ཡིས་ཉིན་དེའི་དགོང་མོར་དབྱི་ལིང་གྲོས་ཁང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་དབྱི་ལིང་གི་ཕྱི་འབྲེལ་ཐད་ཀྱི་གནས་བབ་གསར་བ་དང་། དབྱི་ལིང་དང་ཨ་མེ་རི་ཁའི་གྲོས་མོལ་གནད་དོན་ཐད་ནས་སྙན་ཞུ་ཞིག་སྤྲད། ཁོས་སྨྱན་བྱད་ལ་བཤད་རྒྱུར། དབྱི་ལིང་གིས་ཕྱི་འབྲེལ་བྱ་འགུལ་དང་གྲོས་མོལ་ལ་འཐད་པ་ཡིན་ཡང་། བརྒྱུད་པའི་སྒོ་ནས་སྤེལ་དགོས་ཟེར། ཁོས་ད་རུང་བསྟན་དོན། ད་ལྟའི་བར་དུ་གྲོས་མོལ་གང་ཡང་བྱས་མེད་པ་ངེས་པར་དུ་ཁས་ལེན་བྱེད་དགོས་ཟེར།
དབྱི་ལིང་ཐཱ་སི་ནེ་མུའུ་འཕྲིན་གཏོང་ཁང་གིས་ཟླ3པའི་ཚེས30ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་རྒྱལ་ཡོངས་རྒྱང་སྒྲོག་ཀུང་ཟིའི་བཅར་འདྲི་དང་ལེན་བྱེད་སྐབས་ཉེན་བརྡ་བཏང་དོན། གལ་ཏེ་དབྱི་ལིང་གིས་གྲོས་མཐུན་འགོད་པའི་ཕྱོགས་ལ་བརྩོན་པ་མི་བྱེད་ན། སྔར་མེད་ཀྱི་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།