ཝུའུ་ཁི་ལན་གྱི་རྒྱལ་ས་ཅི་ཧྥུའུ་ལ་བར་སྣང་འཇབ་རྒོལ་ཐེབས།
2025.04.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་ཚེས6ཉིན་གྱི་སྔ་དྲོའི་དུས་ཚོད5དང་སྐར་མ10ཡས་མས་སུ། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཝུའུ་ཁི་ལན་གྱི་ཅི་ཧྥུའུ་གྲོང་ཁྱེར་གྱི་ཏིས་ཧྲི་པའོ་ས་ཁུལ་ནས་འགས་གཏོར་གྱི་སྒྲ་དྲག་པོ་མང་བོ་ཐོས། ཅི་ཧྥུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁི་ལེ་ཆི་ཁི་ཡིས་བཤད་རྒྱུར། མཁའ་སྲུང་མ་ལག་འཁོར་སྐྱོད་བྱེད་བཞིན་ཡོད་ཟེར།

ཁི་ལེ་ཆི་ཁི་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། འཕུར་མདའི་འཇབ་རྒོལ་དེ་མུ་མཐུད་དུ་སྤེལ་བཞིན་ཡོད་པས། ཅི་ཧྥུའུ་ཡི་མང་ཚོགས་རྣམས་ཀྱིས་བདེ་འཇགས་འགོག་སྲུང་བྱེད་དགོས་པའི་གསལ་འདེབས་བྱས།

ཅི་ཧྥུའུ་གྲོང་ཁྱེར་གྱི་དམག་དོན་དོ་དམ་ཅུའུ་ཡིས་བཤད་རྒྱུར། ཏཱ་ཨར་ནེ་ཚི་ཅི་ས་ཁུལ་དང་ཨོ་པའོ་ལུང་ས་ཁུལ་ལ་འཇབ་རྒོལ་ཐེབས་ནས་མེ་སྐྱོན་བྱུང་ཡོད་པ་དང་། རྒུད་སྐྱོབ་མི་སྣ་ཡུལ་དངོས་སུ་འགྲོ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།